ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཁམས་རྟའུ་ས་ཁུལ་དུ་པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་སྲུང་གཙི།


ད་ལོའི་ཕྱི་ཟླ་བཞི་བའི་ཚེས་༢༥་ཉིན་ནི་༧གོང་ས་མཆོག་གིས་ངོས་འཛིན་གནང་བའི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོའམ། ཡོངས་གྲགས་སུ་དགེ་མདུན་པ་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་༢༥་ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཡིན་ཞིང་། དེ་རིང་གཟའ་པ་སངས་ཉིན་འཛམ་གླིང་ཡུལ་གྲུ་གང་སར་རྣམ་པ་མ་འདྲ་བའི་སྒོ་ནས་པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་ལ་སྲུང་གཙི་ཞུ་བཞིན་པ་ལྟར་བོད་ནང་གི་ཁམས་རྟའུ་དགའ་ལྡན་ཆོས་གླིང་བཙུན་དགོན་གྱི་བཙུན་མ་ཚོས་ཀྱང་རི་རྩེར་ལྷ་བསང་བཏང་བ་དང་སྨོན་ལམ་གསུངས་པ། གྲྭ་ཤག་ཁག་ཏུ་པཎ་ཆེན་རིན་པོ་ཆེའི་སྐུ་པར་མདུན་དུ་མཆོད་པ་ཕུལ་བ་ཞུས་པ་སོགས་བྱས་ཡོད་པའི་སྐོར། ཚེ་རིང་སྐྱིད་ཀྱིས་འབྲེལ་ཡོད་མི་སྣར་བཀའ་འདྲི་ཞུས་པ་ཞིག་གསན་རོགས་གནང་།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG