ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་བཙན་ཁྲིད་བྱས་ནས་ལོ་༢༥ འཁོར་བ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

འདི་ལོ་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་ ༡༡ པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གཞུང་གི་བཙན་འོག་ཏུ་གར་སོང་ཆ་མེད་སོང་ནས་ལོ་ངོ་ ༢༥ འཁོར་ཡོད་པ་དང་བསྟུན། བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོའི་མཁན་རིན་པོ་ཆེ་གཟིག་རྒྱབ་སྤྲུལ་སྐུས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་གནས་སྟངས་ཐད་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་གནོན་ཤུགས་འོག་འདས་པའི་ལོ་ཤས་རིང་ཁ་གསལ་མེད་པའི་ལན་འགའ་རེ་གནང་པ་ཙམ་ལས། དཔང་རྟགས་ཁུངས་བཙན་ལྡན་པའི་སྐུ་པར་སོགས་མཇལ་རྒྱུ་མ་བྱུང་ཅེས་གསུངས་སོང་།

འདི་ལོ་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་ ༡༡ པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གཞུང་གི་བཙན་འོག་ཏུ་གར་སོང་ཆ་མེད་སོང་ནས་ལོ་ངོ་ ༢༥ འཁོར་ཡོད་པ་དང་བསྟུན། བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོའི་མཁན་རིན་པོ་ཆེ་གཟིག་རྒྱབ་སྤྲུལ་སྐུས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་གནས་སྟངས་ཐད་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་གནོན་ཤུགས་འོག་འདས་པའི་ལོ་ཤས་རིང་ཁ་གསལ་མེད་པའི་ལན་འགའ་རེ་གནང་པ་ཙམ་ལས། དཔང་རྟགས་ཁུངས་བཙན་ལྡན་པའི་སྐུ་པར་སོགས་མཇལ་རྒྱུ་མ་བྱུང་ཅེས་གསུངས་སོང་། བཀྲ་ཤིས་ལྷུན་པོར་སྔར་སྲོལ་ལྟར་ཉིན་རེའི་ཚོགས་སྐབས་སུ་རྒྱལ་བ་ཡབ་སྲས་རྣམ་གཉིས་ཀྱི་ཞབས་བརྟན་གསོལ་འདེབས་འདོན་གྱི་ཡོད་པ་དང་། པཎ་ཆེན་ཡང་སྲིད་རིན་པོ་ཆེར་དམིགས་ཏེ་༧གོང་ས་མཆོག་གིས་ལྗགས་རྩོམ་གནང་པའི་དམིགས་བསལ་ཞལ་འདོན་གནང་གི་ཡོད་གསུངས་སོང་། རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་གདན་སར་ལོ་ལྟར་པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་སྲུང་རྩི་ཞུ་ཡི་ཡོད་ཀྱང་། འདི་ལོའི་ནད་ཡམས་སྐབས་དྲྭ་རྒྱའི་ཐོག་ནས་མཁས་པའི་བགྲོ་གླེང་གོ་སྒྲིག་ཞུས་པ་མ་ཟད་རིན་པོ་ཆེའི་གནས་སྟངས་ལ་བློ་འཚབ་ཡོད་པའི་གསལ་བསྒྲགས་ཤིག་སྤེལ་གྱི་ཡོད་པ་རེད།
XS
SM
MD
LG