ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྒྱ་ནག་གཞུང་གིས་གསང་བ་སྲུང་སྐྱོབ་ཟེར་བའི་སྲིད་ཇུས།


རྒྱ་ནག་གཞུང་གི་བོད་རང་སྐྱོང་ལྗོངས་སྲིད་གཞུང་ཟེར་བས་རྒྱལ་ཁབ་ཀྱི་གསང་བ་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་ལ་བཟོ་བཅོས་དང་ཁ་སྣོན་བྱས་ཡོད་པའི་ནང་དུ་བོད་རང་བཙན་གྱི་ལས་འགུལ་གྱི་ཐོག་རྒྱ་ནག་གཞུང་གིས་བརྡུང་རྡེག་དང་དྲག་གནོན་བྱས་པའི་གནས་ཚུལ་དང་རྒྱལ་ཁབ་ཀྱི་ཁྲིམས་གཅོད་བྱས་པའི་མི་སྣའི་ལོ་རྒྱུས་དང་གནས་ཚུལ་སོགས་ནི་རྒྱལ་ཁབ་ཀྱི་གསང་བ་ཡིན་པས་ཕྱི་ལ་མཁོ་སྤྲོད་བྱེད་མི་ཆོག་པ་སོགས་བསྐྱར་དུ་གཏན་འབེབས་བྱས་ཡོད་པ་དང་བཅའ་ཁྲིམས་དེ་ཕྱི་ཟླ་བཅུ་པའི་ཚེས་ཤར་ནས་ལག་ལེན་བྱེད་པ་དང་འབྲེལ་ཡོད་ཚན་པ་ཁག་ནང་སློབ་སྦྱོང་བྱེད་འཇུག་གི་ཡོད་པའི་སྐོར་བལ་ཡུལ་ནས་འདི་གའི་གསར་འགྱུར་མཁོ་གཏོང་བ་དགའ་ལྡན་བཀྲིས་ལགས་ཀྱིས་གནས་ཚུལ་བཏང་བ་ཞིག་གསན་གྱི་རེད།

XS
SM
MD
LG