ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༢༤

མཚོ་འགག་ཕྱོགས་གཉིས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་ཐབས་དེར་ཐེ་ཝན་པ་ཚོས་དོགས་ཟོན།


ཉེ་ཆར་རྒྱ་ནག་དང་ཐེ་ཝན་གཉིས་ཀྱིས་རང་དབང་ཚོང་ལས་ཀྱི་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད་པ་དང༌། གཟའ་འཁོར་འདིར་རྒྱ་ནག་གི་ལེའོ་ནིང་ཞིང་ཆེན་གྱི་ཟློས་གར་ཚོགས་པ་ཞིག་ཐེ་ཝན་ལ་འཁྲབ་སྟོན་དུ་ཡོང་ཡོད་པ་སྟེ། ཁོང་ཚོས་རིག་གཞུང་འཁྲབ་སྟོན་གྱི་སྒོ་ནས་ལོ་ངོ་བཅུ་ཕྲག་མང་པོར་རྒྱ་ནག་དང་ཐེ་ཝན་གཉིས་ལ་ཆབ་སྲིད་ཀྱི་འགལ་ཟླ་ཡོད་པ་སེལ་ཐབས་བྱེད་ཀྱི་ཡོད་པ་དང༌། རང་ལོ་༣༦་ལ་སོན་པའི་ཐེ་པེའི་གྲོང་ཁྱེར་གྱི་ལས་ཁུངས་ཤིག་གི་ལས་བྱེད་པ་ཧཕང་གིས་རྒྱ་ནག་གི་ལེའོ་ནིང་ཞིང་ཆེན་ནས་ཡོང་བའི་ཟློས་གར་ཚོགས་པའི་འཁྲབ་སྟོན་དེར་ལྟད་མོར་བལྟས་ཏེ། ཁོང་གིས་གསར་འགོད་པ་ཚོར་རྒྱ་ནག་གཞུང་གིས་ཚོང་ལས་དང་དཔལ་འབྱོར། ཡུལ་སྐོར་སྤྲོ་འཆམ་དང་རིག་གཞུང་བརྗེ་ལེན་བཅས་ཀྱི་ཐབས་ལམ་སྣ་ཚོགས་ཤིག་བརྒྱུད་ནས་ཐེ་ཝན་མི་དམངས་ཀྱི་བློ་སེམས་འགུགས་ཐབས་བྱེད་ཀྱི་ཡོད་མོད། འོན་ཀྱང་རྒྱ་ནག་གི་འཁྲབ་སྟོན་འདི་ཚོས་མཚོ་འགག་ཕྱོགས་གཉིས་ལ་རིག་གཞུང་གི་ཁྱད་པར་ཆེན་པོ་ཞིག་ཡོད་པ་སྟོན་ཐུབ་པ་ལས། རྒྱ་ནག་དང་ཐེ་ཝན་གཉིས་མི་རིགས་དང་རིག་གཞུང་གི་འབྱུང་ཁུངས་གཅིག་ཡིན་པ་སྟོན་མི་ཐུབ་པར་སྙམ་ཞེས་བཤད་ཡོད་པ་རེད།།

XS
SM
MD
LG