ངོ་འཕྲད་བདེ་བའི་དྲ་འབྲེལ།

ཐེ་ཝན་གྱིས་རྒྱ་ནག་ལ་གླིང་ཕྲན་དེའི་དམངས་གཙོ་ལ་བརྩི་སྲུང་དགོས་ལུགས་བརྗོད་པ།


ཐེ་ཝན་གྱིས་རྒྱ་ནག་ལ་གླིང་ཕྲན་དེའི་དམངས་གཙོ་ལ་བརྩི་སྲུང་དགོས་ལུགས་བརྗོད་པ།

སྔར་རྒྱ་ནག་གི་ནང་ཆིང་རྒྱལ་རབས་ཀྱི་དབང་བསྒྱུར་ལ་ངོ་རྒོལ་གྱི་གསར་བརྗེའི་ལས་འགུལ་ཞིག་བྱུང་སྟེ་ ཆིང་གོང་མ་མགོ་རྟིང་སློག་ནས་ད་ཆ་མི་ལོ་ཧྲིལ་པོ་༡༠༠ཐམ་པ་འཁོར་གྱི་ཡོད་པ་དང་ དུས་དྲན་དེ་ལ་ཐེ་ཝན་དང་རྒྱ་ནག་སྐམ་ས་གཉིས་ཀས་སྲུང་བརྩི་བྱས་ཡོད་ཅིང་ ཐེ་ཝན་གྱི་སྲིད་འཛིན་མཱ་ཡིང་ཇུ་ཡིས་དུས་དྲན་ལ་སྲུང་བརྩིའི་གཏམ་བཤད་ཀྱི་ནང་ རྒྱ་ནག་གཞུང་གིས་ངེས་པར་དུ་ རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་བམ་ ཐེ་ཝན་ ད་དུང་ཡང་འཚོ་གནས་ཡིན་པ་དེ་ངོས་འཛིན་བྱས་ཏེ་ རྒྱ་ནག་རང་གི་ནང་ལ་རང་དབང་དང་ དམངས་གཙོ་དར་སྤེལ་བཏང་སྟེ་ ཕྱོགས་གཉིས་གནས་སྟངས་འདྲ་མཉམ་ཞིག་ཏུ་འགྱུར་ཐབས་བྱེད་དགོས་པ་ཡིན་ཞེས་སྐུལ་མ་བྱས་ཡོད་པའི་སྐོར་ གསར་འགྱུར་བརྒྱུད་ལམ་ཁག་གིཐོག་ཐོན་པའི་གནས་ཚུལ་རྣམས་ དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG