ངོ་འཕྲད་བདེ་བའི་དྲ་འབྲེལ།

ཐེ་ཝན་གྱི་མེ་ཤུགས་འཕུར་མདའ།


ཐེ་ཝན་གྱི་སྲིད་འཛིན་མ་དབྱིན་ཇུག་གིས་སྲིད་དབང་བཟུང་བའི་རྗེས་སུ་མཚོ་འགག་ཕྱོགས་གཉིས་ཀྱི་འབྲེལ་བ་ཡར་རྒྱས་འགྲོ་བ་དང་། རྒྱ་ནག་དང་ཐེ་ཝན་གཉིས་ཀྱིས་རང་དབང་ཚོང་ལས་ཀྱི་གྲོས་མཐུན་ཞིག་ལའང་མིང་རྟགས་བཀོད་དེ། ཐེ་ཝན་དང་རྒྱ་ནག་གི་འབྲེལ་བ་འཕེལ་རིམ་གསར་པ་ཞིག་ལ་སླེབས་ཡོད་རུང་། རྒྱ་ནག་གིས་ཐེ་ཝན་ལ་ཁ་གཏད་ནས་མེ་ཤུགས་འཕུར་མདའ་སྟོང་ཕྲག་གཅིག་ལྷག་བཙུགས་ཡོད་པ་དེ་རྣམས་ཕྱིར་འཐེན་བྱེད་ཀྱི་མེད་པ་དང་། ད་ལོ་ཐེ་ཝན་གྱིས་ཀྱང་རྒྱ་ནག་ལ་ཁ་གཏད་ནས་ཤུང་ཧྥེང་༢་པ་རྟགས་ཅན་གྱི་མེ་ཤུགས་འཕུར་མདའ་བཙུགས་ཏེ། རྒྱ་ནག་ལྷོ་ཕྱོགས་ཀྱི་ས་གནས་ཁག་ལ་གཏོར་རྒོལ་བྱེད་ཐུབ་པའི་གྲ་སྒྲིག་བྱེད་ཀྱི་ཡོད་པ་སྟེ། ཐེ་ཝན་གྱིས་རང་བཟོ་བྱས་པའི་ཤུང་ཧྥེང་༢་པ་རྟགས་ཅན་གྱི་མེ་ཤུགས་འཕུར་མདའ་དེ་རྣམས་རྒྱང་ཐག་སྤྱི་ལེ་༨༠༠་ཐམ་པར་སྙོབ་ཐུབ་ཀྱི་ཡོད་པ་དང་། གལ་ཏེ་རྒྱ་ནག་གིས་ཐེ་ཝན་ལ་དམག་བརྒྱབ་ནས་བཙན་འཛུལ་བྱེད་ཚེ། ཐེ་ཝན་གྱི་མེ་ཤུགས་འཕུར་མདའ་དེ་ཚོས་རྒྱ་ནག་གི་ཧྥུ་ཅན་ཞིང་ཆེན་དང་ཧྲང་ཧེ། ཀོང་ཏུང་དང་ཧོང་ཀོང་དམིགས་བསལ་ས་ཁུལ་སོགས་རྒྱ་ནག་གི་ལྷོ་ཤར་ས་ཁུལ་ཁག་གི་གནམ་ཐང་དང་ཟམ་པ། གྲུ་ཁ་དང་རྒྱ་ལམ། མི་དམངས་བཅིངས་འགྲོལ་དམག་གི་ལྟེ་གནས་ཁག་ལ་གཏོར་རྒོལ་བཏང་སྟེ་རྒོལ་ལན་སློག་ཐུབ་ཀྱི་ཡོད་པ་རེད།།

XS
SM
MD
LG