ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཐའེ་ཝན་གྱིས་མེ་ཤུགས་འཕུར་མདེལ་བཟོ་བསྐྲུན་གྱི་ལས་འཆར་ཞིག་སྤེལ་བཞིན་པ།


ཐའེ་ཝན་གྱིས་རྒྱ་ནག་གི་ལྷོ་ཤར་མཚོ་ཁའི་ཁུལ་གྱི་གནམ་ཐང་དང་གྲུ་མཁའ་ཁག་ལ་གཏོར་རྒོལ་གཏོང་ཐུབ་པའི་མེ་ཤུགས་འཕུར་མདེལ་བཟོ་བསྐྲུན་གྱི་ལས་འཆར་ཞིག་སྤེལ་བཞིན་ཡོད་པ་དང་ལས་འཆར་དེ་ནི་ནམ་ཞིག་རྒྱ་ནག་སྐམ་སའི་གློ་བུར་གྱི་བཙན་འཛུལ་ཡོང་རྒྱུའི་ཉེན་ཁར་ཁ་གཏད་གཅོག་ཆེད་དུ་ཡིན་པ་རེད་ ཐའེ་ཝན་གྱི་མེ་ཤུགས་འཕུར་མདེལ་གསར་བཟོའི་ལས་འཆར་དེ་ལ་ཚོད་དཔག་བྱསན་འགྲོ་གྲོན་ཨ་སྒོར་ས་ཡ་༩༧ཙམ་བཏང་ཟིན་ཡོད་པ་དང་ད་ལོའི་ལོ་སྟོད་ཙམ་ལ་ཐོག་མའི་ཚོད་ལྟ་ཐེངས་གཅིག་ཀྱང་བྱས་ཟིན་ཡོད་པའི་སྐོར་ཐའེ་ཝན་གྱི་རྒྱལ་སྲུང་ལག་རྩལ་སྐོར་གྱི་ཟླ་རེའི་གནས་ཚུལ་ཐོག་ལ་བཀོད་ཡོད་པ་རེད།

XS
SM
MD
LG