ངོ་འཕྲད་བདེ་བའི་དྲ་འབྲེལ།

ཐེ་ཝན་གྱིས་རྒྱལ་སྲུང་མཚོན་ཆ་གསར་བཟོ།


ཐེ་ཝན་གྱིས་རྒྱལ་སྲུང་མཚོན་ཆ་གསར་བཟོ།

ཕྱི་ལོ་༢༠༠༨་ལོར་སྲིད་འཛིན་མ་དབྱིན་ཇུག་གི་གོ་མིན་ཏང་སྲིད་དོན་ཚོགས་པར་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་པ་དང་། ཐེ་ཝན་གྱི་གོ་མིན་ཏང་གཞུང་འཛིན་ཚོགས་པས་རྒྱ་ནག་ལ་འབྲེལ་བ་ཡར་རྒྱས་གཏོང་གི་ཡོད་རུང་། ཁོང་ཚོས་ཐེ་ཝན་གྱི་བདེ་འཇགས་སྲུང་སྐྱོབ་ལ་མཁོ་བའི་མཚོན་ཆ་བཟོ་སྒྲུབ་བྱེད་རྒྱུ་འཐུས་ཤོར་གཏོང་གི་མེད་པ་དང་། ད་ལོ་ཐེ་ཝན་གཞུང་གིས་ཤུན་ཧྥེང་མེ་ཤུགས་འཕུར་མདའ་ཐོན་རིམ་གསུམ་པ་མཚོ་ཐོག་ཏུ་འགྲེམ་འཛུགས་བྱས་ཡོད་པ་རྣམས། རྒྱ་ནག་གི་མཚོ་དམག་སྟོབས་ཤུགས་ཇེ་ཆེར་འགྲོ་གི་ཡོད་པ་འགོག་རྒོལ་བྱེད་པའི་ཆེད་དུ་ཡིན་པ་དང་། ཉེ་དུས་ཤིག་ནས་ཐེ་ཝན་མཚོན་ཆའི་བཟོ་ལས་ཡར་རྒྱས་བཏང་སྟེ། ཐེ་ཝན་ལ་མཁོ་བའི་རྒྱལ་སྲུང་མཚོན་ཆ་ཕྱི་ལོགས་ནས་ནང་འདྲེན་བྱེད་མི་དགོས་པར་རང་བཟོ་བྱེད་ཐུབ་པའི་འཕྲུལ་རིག་ལག་རྩལ་ཡར་རྒྱས་གཏོང་ཐུབ་ཡོད་པ་རེད།

XS
SM
MD
LG