ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཝི་ཏི་ནམ་ནང་ཐའི་ཝན་གྱི་མི་རིགས་རྣམས་རྒྱ་མི་རིགས་རེད་བསམ་ཏེ་ངོ་རྒོལ་བྱས་ཡོད་པ།


ཉེ་ཆར་རྒྱ་ནག་གིས་ཝི་ཏི་ནམ་ལ་བདག་དབང་ཡོད་པའི་མཚོ་རྒྱུད་དུ་རྡོ་སྣུམ་སྔོག་འདོན་བྱེད་སའི་མཐུན་རྐྱེན་བསྐྲུན་པར་ཝི་ཏི་ནམ་གྱི་མང་ཚོགས་ཧ་ཅང་ཁོང་ཁྲོ་ཆེན་པོས་རྒྱ་ནག་ལ་ངོ་རྒོལ་བྱ་རྒྱུར་ཡུལ་དེའི་ནང་ཡོད་པའི་རྒྱ་རིགས་དང་ ཐའི་ཝན་ སིང་ཀ་པུར་བཅས་ཀྱི་མི་རིགས་རྣམས་དབྱེ་འབྱེད་བྱེད་མ་ཐུབ་པར་ ཚང་མ་རྒྱ་མི་རིགས་ཡིན་པར་ངོས་འཛིན་བྱས་ཏེ་ ཝི་ཏི་ནམ་གྱི་ནང་ཡོད་པའི་གོང་ཞུས་མི་རིགས་དེ་དག་གིས་གཉེར་བའི་ཚོང་ཁང་དང་ བཟོ་ཚོང་ཁང་སོགས་ལ་དམིགས་སྐར་བཟུང་སྟེ་ལྕགས་གཏོར་གྱི་གནས་ཚུལ་བྱུང་པར་ཐའི་ཝན་གཞུང་བློ་འཚབ་བྱེད་ཀྱི་ཡོད་པའི་སྐོར་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ཐོན་པའི་གནས་ཚུལ་རྣམས་ཀུན་བཟང་སྒྲོལ་མས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།
XS
SM
MD
LG