ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྒྱ་ནག་གིས་ཐེ་ཝན་ལ་སོ་མྱུལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ད་ལོའི་ཕྱི་ཟླ་༥་ཚེས་༢༠་ཉིན་ཐེ་ཝན་གྱི་སྲིད་གཞུང་གསར་པའི་འཛིན་སྐྱོང་འགོ་ཚུགས་རྒྱུ་ཡིན་པ་དང་། ཐེ་ཝན་གྱི་འདེམས་ཐོན་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་དམག་གི་འགྲོ་གྲོན་མང་དུ་བཏང་སྟེ། ཐེ་ཝན་གྱི་རྒྱལ་སྲུང་ལྷན་ཁང་གི་ཁོངས་སུ་དྲ་ལམ་གྱི་སོ་མྱུལ་འགོག་པའི་སྡེ་ཚན་ཞིག་གསར་འཛུགས་བྱ་རྒྱུ་དང་། གལ་སྲིད་ཐེ་ཝན་གྱི་གཞུང་འབྲེལ་མི་སྣ་ཟུར་པ་ཚོས་མཚོ་གླིང་དེའི་དམག་དོན་གསང་བའི་གནས་ཚུལ་རྒྱ་ནག་ལ་མཁོ་སྤྲོད་བྱེད་ཚེ། ཁོ་ཚོར་ཐེ་ཝན་གཞུང་གིས་རྒས་ཕོགས་གཅོག་རྒྱུའི་གྲོས་གཞི་བཏོན་པ་དང་། ཐེ་ཝན་གྱི་སྲིད་གཞུང་གསར་པའི་སྐབས་སུ་མཚོ་གླིང་དེའི་རྒྱལ་ཡོངས་གྲོས་ཚོགས་ཀྱང་མིན་ཅིན་ཏང་གི་ལག་ཏུ་ཡོད་པས། ༢༠༡༦་འདི་མཇུག་མ་བསྒྲིལ་གོང་དུ་ཐེ་ཝན་གྱི་གྲོས་ཚོགས་སུ་དམག་དོན་འགྲོ་གྲོན་མང་དུ་གཏོང་རྒྱུ་དང་། ཐེ་ཝན་གྱི་དམག་དོན་གསང་བའི་གནས་ཚུལ་རྒྱ་ནག་ལ་མཁོ་སྤྲོད་བྱེད་མཁན་ཚོར་རྒས་ཕོགས་གཅོག་རྒྱུའི་གྲོས་གཞི་དེར་ཆོག་མཆན་འགོད་ཐུབ་པའི་རེ་བ་ཡོད་ཅིང་། ན་ནིང་ཕྱི་ཟླ་༡༢་ནང་ཐེ་ཝན་གྱི་སྲིད་འཛིན་དང་གྲོས་ཚོགས་འཐུས་མིའི་འོས་འདེམས་སྐབས་སུ་མིན་ཅིན་ཏང་ལ་རྒྱལ་ཁ་ཐོབ་ནས་བཟུང་། རྒྱ་ནག་གཞུང་གིས་ཐེ་ཝན་ལ་དོགས་ཟོན་དང་རྒྱལ་སྤྱིའི་ཐོག་ཏུ་གནོན་ཤུགས་སྤྲོད་རྒྱུ་ཤུགས་ཆེ་རུ་སོང་ཡོད་པ་དང་། ༢༠༠༨་ལོར་སྲིད་འཛིན་མ་དབྱིན་ཇུག་གིས་རྒྱ་ནག་ལ་འབྲེལ་བ་ཡག་ཏུ་གཏོང་བའི་སྲིད་ཇུས་ཤིག་བཟུང་རུང་།་ད་སྔ་མཚོ་འགག་ཕྱོགས་གཉིས་མ་དབྱིན་ཇུག་གི་སྲིད་ཇུས་དེ་རྒྱུན་འཁྱོངས་བྱ་དགོས་མིན་གྲོས་མཐུན་བྱུང་མེད་པ་དང་། འདས་པའི་ལོ་དྲུག་གི་རིང་ལ་ཐེ་ཝན་གྱི་གཞུང་འབྲེལ་མི་སྣའི་གྲས་སུ་མཚོ་གླིང་དེའི་དམག་དོན་གསང་བའི་གནས་ཚུལ་རྒྱ་ནག་ལ་འཚོང་མཁན་མི་༣༣་བྱུང་ཡོད་པས། ཐེ་ཝན་གྱི་སྲིད་གཞུང་གསར་པས་སོ་མྱུལ་ལ་རྒས་ཕོགས་གཅོག་པ་སོགས་ཀྱི་ཁྲིམས་གཅོད་དྲག་པོ་བྱ་དགོས་པའི་བསམ་གཞིག་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG