ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

མ་དབྱིན་ཇུག་གིས་རྒྱ་ནག་ལ་ཨེ་ཝེ་ཝེར་རང་དབང་སྤྲོད་དགོས་ཞེས་འབོད་སྐུལ།


ད་ལོ་རྒྱ་ནག་གཞུང་གིས་འཛམ་གླིང་ཁྱོན་ཡོངས་སུ་སྐད་གྲགས་ཡོད་པའི་སྒྱུ་རྩལ་པ་ཨེ་ཝེ་ཝེ་དུས་ཡུན་ཟླ་བ་གསུམ་ལ་བཀག་ཉར་བྱས་པ་དང་། ད་ལྟ་ཁོང་པེ་ཅིང་གྲོང་ཁྱེར་གྱི་རང་ཁྱིམ་ནས་ཕྱི་ལ་ཐོན་མི་ཆོག་པར་བཟང་བཙོན་ལ་བཅུག་ནས་རང་དབང་མེད་ཀྱང་། ཨེ་ཝེ་ཝེའི་སྒྱུ་རྩལ་གྱི་ཐོན་རྫས་ཁག་ཅིག་ཐེ་ཝན་གྱི་རྒྱལ་ས་ཐེ་པེའི་གྲོང་ཁྱེར་དུ་འགྲེམ་སྟོན་བྱས་ཡོད་པ་དང་། དེ་རིང་གཟའ་པ་སངས་ཉིན་ཐེ་ཝན་གྱི་སྲིད་འཛིན་མ་དབྱིན་ཇུག་ཨེ་ཝེ་ཝེའི་སྒྱུ་རྩལ་འགྲེམ་སྟོན་ལ་གཟིགས་མོར་ཕེབས་ཏེ། ཁོང་གིས་རྒྱ་ནག་གཞུང་ལ་ཨེ་ཝེ་ཝེ་སྒྱུ་རྩལ་པ་ཞིག་ཡིན་པ་དང་། ཁོང་ལ་རང་གི་ལྟ་བ་དེ་རྣམས་སྒྱུ་རྩལ་གྱི་ལམ་ནས་ཕྱི་ལ་བརྗོད་ཆོག་པའི་རང་དབང་སྤྲོད་དགོས་ཞེས་ནན་བརྗོད་བྱས་པ་མ་ཟད། སྲིད་འཛིན་མ་དབྱིན་ཇུག་གིས་ཨ་ཝེ་ཝེའི་སྒྱུ་རྩལ་གྱི་ཐོན་རྫས་དེ་རྣམས་ཐེ་ཝན་གྱི་རྩ་ཆེའི་རིག་དངོས་ཤིག་ཀྱང་ཡིན་པ་དང་། ད་ལོའི་ཕྱི་ཟླ་༤་ཚེས་༣་ཉིན་ཨེ་ཝེ་ཝེ་ཐེ་ཝན་ལ་དངོས་སུ་སྒྱུ་རྩལ་འགྲེམ་སྟོན་བྱེད་དུ་ཕེབས་ཀྱི་ཡོད་ཀྱང་། ཁོང་པེ་ཅིང་གནམ་ཐང་དུ་ཉེན་རྟོག་པས་བཀག་ཉར་བྱས་ནས་ཐེ་ཝན་ལ་ཕེབས་མ་ཐུབ་པ་ཧ་ཅང་བློ་ཕམ་གྱི་གནས་ཚུལ་ཞིག་ཡིན་ཞེས་བཤད་ཡོད་པ་རེད།

XS
SM
MD
LG