ངོ་འཕྲད་བདེ་བའི་དྲ་འབྲེལ།

སི་རི་ཡའི་ཧོ་ལཱ་གྲོང་རྡལ་གྱི་དམར་གསོད།


དཀྱིལ་ཤར་ས་ཁུལ་གྱི་རྒྱལ་ཁབ་སི་རི་ཡའི་མི་མང་གིས་སྲིད་འཛིན་ཨ་སཏ་ཀྱི་གཞུང་ལ་གྱེན་ལོག་བྱས་ནས་ལོ་གཅིག་ལྷག་འགྲོ་བ་དང་། བདུན་ཕྲག་སྔོན་མ་གཟའ་པ་སངས་ཉིན་སི་རི་ཡའི་གཞུང་དམག་གིས་ཧོ་ལཱ་གྲོང་རྡལ་ལ་གཏོར་རྒོལ་བྱས་ནས་བྱིས་པ་དང་བུད་མེད། སྐྱེས་པ་བཅས་མི་བརྒྱ་ལྷག་དམར་གསོད་བྱས་པའི་རྗེས་སུའང་གཏོང་རྒོལ་བྱེད་རྒྱུ་མཚམས་འཇོག་གི་མེད་པ་དང་། དཔེར་ན་ཕྱི་ཟླ་༥་ཚེས༣༡་ཉིན་ཡང་སི་རི་ཡའི་གཞུང་དམག་གིས་ཧོ་ལཱ་གྲོང་རྡལ་ལ་མེ་སྒྱོགས་བརྒྱབ་སྟེ་མི་མང་ལ་གཏོར་རྒོལ་བྱེད་རྒྱུ་མཚམས་འཇོག་གི་མེད་ཅིང་། འདས་པའི་ཉིན་ཤས་ཤིག་ནས་གྲོང་རྡལ་དེའི་མི་མང་རྣམས་གཞུང་དམག་གི་རྒོལ་རྡུང་ལ་གཡོལ་པར་ས་གནས་གཞན་ལ་བྲོས་བྱོལ་དུ་འགྲོ་གི་ཡོད་པ་རེད།

XS
SM
MD
LG