ཨ་མི་རི་ཀའི་སྲིད་འཛིན་བྷ་རཀ་ཨཱོ་བྷ་མ་དང་ཡུ་རོབ་ཀྱི་དབུ་ཁྲིད་རྣམས་པས་ སི་རི་ཡེའི་སྲིད་འཛིན་བྷ་ཤར་ཨལ་ཨཱ་སད་ལ་ སྲིད་དབང་ནས་བཤོལ་དགོས་པའི་གནོན་ཤུགས་མུ་མཐུད་ནས་སྤྲོད་བཞིན་པ་ཡིན་ནའང་ སི་རི་ཡེའི་ནང་ལ་ གཞུང་གི་དྲག་ཆས་ཉེན་རྟོག་དཔུང་དམག་གིས་གཞུང་ལ་ངོ་རྒོལ་བྱེད་མཁན་ཚོར་དྲག་གནོན་མུ་མཐུད་དེ་བྱས་ཏེ་ འདས་པའི་ཆུ་ཚོད་༢༤བཞིའི་ནང་ཚུད་དུ་ མི་ཧ་ཅང་མང་པོ་འཛིན་བཟུང་བྱས་ཡོད་པའི་སྐོར་ འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་ཨེཀྲ་ཝཀྲ་ཡེ་རཱ་ནིའན་གྱིས་སྤེལ་བའི་གནས་ཚུལ་ཞིག་ དཔལ་མོ་མཁས་གྲུབ་ཀྱིས་ཕབ་བསྒྱུར་དང་སྙན་སྒྲོན།