ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༥/༠༢/༡༧

སི་རི་ཡའི་ནང་འཁྲུག་མཚམས་འཇོག


ཕྱི་ལོ་༢༠༡༡་གི་མགོ་སྟོད་ནས་དཀྱིལ་ཤར་ས་ཁུལ་གྱི་རྒྱལ་ཁབ་སི་རི་ཡའི་མི་མང་གིས་སྲིད་འཛིན་ཨ་སཏ་ཀྱི་གཞུང་ལ་ངོ་རྒོལ་བྱེད་རྒྱུ་འགོ་བརྩམས་ནས་བཟུང་། ད་བར་ལོ་ངོ་གཅིག་དང་ཟླ་བ་གཅིག་ལྷག་སོང་ཡོད་ཅིང་། འདས་པའི་ཟླ་བ་༡༣་གྱི་རིང་དེར་སི་རི་ཡའི་གཞུང་དམག་གིས་མི་མང་གྱེན་ལོག་པའི་ས་ཁུལ་ཁག་ལ་ལྕགས་འཁྲབ་འཁོར་ལོ་དང་མཚོན་ལྡན་རླངས་འཁོར་བཏང་ནས་མེ་ཤུགས་འཕུར་མདས་གཏོར་རྒོལ་བྱས་པ་མ་ཟད། ས་གནས་དེ་དག་ལ་ལྐོག་ཏུ་མེ་མདའ་བརྒྱབ་ནས་མི་གསོད་མཁན་འཇབ་དམག་རྣམས་འགྲེམ་འཇོག་བྱས་ཏེ། ད་བར་སི་རི་ཡའི་ནང་འཁྲུག་སྐབས་སུ་མི་སྟོང་ཚོ་༩་ལྷག་ལ་སྲོག་སྐྱོན་ཕོག་པ་དང་། ད་དུང་མི་མང་ཁྲི་ཚོ་མང་པོས་རང་ཁྱིམ་བཞག་ནས་ཁྱིམ་མཚེས་རྒྱལ་ཁབ་ཏུར་ཀིའི་ས་ཐོག་ཏུ་སྐྱབས་བཅོལ་ལ་འགྲོ་དགོས་ཐུག་ཡོད་པ་རེད།

XS
SM
MD
LG