ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

སུད་སི་བོད་མི་རྣམས་ཀྱིས་ཨ་མདོ་རྔ་པ་ཁུལ་གྱི་དགེ་འདུན་པ་རྣམས་ལ་རྒྱབ་སྐྱོར།


སུད་སི་དང་ ལེག་ལྡན་སི་ཊ་ཡན་ཁུལ་གྱི་བོད་མི་བཞི་བརྒྱ་ལྷག་ཙམ་གྱིས་ཟླ་བ་འདིའི་ཚེས༢༦ཉིན་རྫུ་རིག་གྲོང་ཁྱེར་དུ་འདུ་འཛོམས་བྱས་ཏེ་བོད་མདོ་རྨད་ཨ་མདོ་རྔ་པ་ཀི་རྟི་དགོན་པའི་དགེ་འདུན་པ་སུམ་བརྒྱ་ཙམ་ཞིག་རྒྱ་ནག་གི་དྲག་ཆས་ཉེན་རྟོག་པ་ཚོས་འཛིན་བཟུང་བཀག་ཉར་དང་ སྡུག་གཅོད་མནར་གཅོད་བཏང་དང་གཏོང་བཞིན་ཡོད་པར་གདུང་སེམས་མཉམ་བསྐྱེད་དང་ ལྷག་པར་དུ་གྲ་ཕུན་ཚོགས་ལགས་ཐེ་བའི་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་ལུས་སྲོག་མེད་པར་གྱུར་བ་ཚོའི་ཆེད་དུ་སྨོན་ལམ་གསོལ་འདེབས་དང་ རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་བྱ་སྤྱོད་ལ་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་ཡོད་པའི་སྐོར་འདི་གའི་གནས་ཚུལ་མཁོ་གཏོང་བ་ཚོགས་ཁང་བསྟན་འཛིན་བློ་གསལ་ལགས་ཀྱིས་བཏང་བའི་གནས་ཚུལ་ཞིག་གསན་རོགས་གནང་།

XS
SM
MD
LG