ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༢༤

སུད་ཌེན་གཞུང་གིས་ཁུང་ཙིའི་སློབ་གླིང་རྣམས་སྒོ་རྒྱག་རྒྱུ།


༄༅།། རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཏོག་དབྱིབས་ནད་དུག་ཁྱབ་པའི་རྗེས་སུ་རྒྱ་ནག་དང་འཛམ་གླིང་རྒྱལ་ཁབ་ཁག་གི་འབྲེལ་བ་སྡུག་ཏུ་འགྲོ་བཞིན་ཡོད་པ་སྟེ། ཡུ་རོབ་རྒྱལ་ཁབ་སུད་ཌེན་གཞུང་གིས་རང་གི་སློབ་ཆེན་ཁག་ཏུ་རྒྱ་ནག་གིས་འགྲོ་གྲོན་བཏང་ནས་ཁུང་ཙིའི་སློབ་གླིང་བཙུགས་ཡོད་པ་ཐམས་ཅད་སྒོ་ྒྱག་རྒྱུ་དང་། སུད་ཌེན་གྱི་སློབ་ཆེན་ཁག་གི་ཤེས་ཡོན་སློབ་གསོའི་ལམ་ལུགས་དང་ཞིབ་འཇུག་ང་དབངབཅས་ལ་རྒྱ་ནག་གཞུང་གིས་ཤུགས་རྐྱེན་ངན་པ་ཞིག་ཐེབས་ཀྱི་ཡོད་པ་རྣམས་བཀག་འགོག་བྱ་རྒྱུའི་ཐག་གཅོད་བྱས་འདུག ཐེ་ཝན་གྱི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། སུད་ཌེན་ནི་རང་གི་སློབ་ཆེན་ཁག་ཏུ་ཚུགས་པའི་རྒྱ་ནག་གི་ཁུང་ཙིའི་སློབ་གླིངདང་ཁུང་ཙིའི་འཛིན་གྲྭ་རྣམས་ཡོངས་སུ་རྫོགས་པ་སྒོ་རྒྱག་མཁན་ཡུ་རོབ་རྒྱལ་ཁབ་གྲས་ཀྱི་རྒྱལ་ཁབ་དང་པོ་དེར་འགྱུར་རྒྱུ་རེད་ཅེས་བཀོད་འདུག

ཐོག་མར་རྒྱ་ནག་གཞུང་གིས་འགྲོ་གྲོན་བཏང་ནས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་སློབ་ཆེན་ཁག་ལ་ཁུང་ཙིའི་སློབ་གླིང་དང་ཁུང་ཙིའི་འཛིན་གྲྭ་བཙུགསདེ་ནི་རྒྱ་ཡིག་རྒྱ་སྐད་སློབ་ཁྲིད་དང་ནུབ་ཕྱོགས་པ་ཚོར་རྒྱ་ནག་གི་སྲོལ་རྒྱུན་རིག་གནས་མཚམས་སྦྱོར་བྱེད་པའི་ཆེད་དུ་ཡིན་ཞེས་བསྒྲགས། ཡིན་ནའང་རིམ་བཞིན་རྒྱ་ནག་གིས་ཁུང་ཙིའི་སློབ་གླིང་བརྒྱུད་ནས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་སློབ་ཆེན་ཁག་ལ་རྒྱ་ནག་དམར་ཤོག་སྲིད་གཞུང་གི་ལྟ་བ་དང་ལངས་ཕྱོགས། རྒྱ་ནག་གི་སྲིད་དབང་གཅིག་སྡུད་ལམ་ལུགས་དེའི་དགེ་མཚན་རྣམས་དྲིལ་བསྒྲགས། ཁུང་ཙིའི་སློབ་གླིང་ཚུགས་ཡོད་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་སློབ་ཆེན་ཁག་ཏུ་བོད་དོན་དང་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་དགོངས་པ། ཐེ་ཝན་རང་བཙན་དང་ཞིན་ཅང་རང་བཙན། རྒྱ་ནག་གཞུང་གིས་བོད་པ་དང་ཡུ་གུར་བ་སོགས་གྲངས་ཉུང་མི་རིགས་ཁག་ལ་དྲག་གནོན་བྱེད་ཀྱི་ཡོད་པའི་གནད་དོན། འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང༡༩༨༩་ལོར་རྒྱ་ནག་གཞུང་གིས་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་ལ་དྲག་གནོན་བྱས་པ། རྒྱ་ནག་གི་བཟོ་གྲྭ་ཁག་གིས་རང་བྱུང་ཁོར་ཡུག་ལ་གཏོར་བཤིག་ཚབས་ཆེན་གཏོང་གི་ཡོད་པ་སོགས་རྒྱ་ནག་གི་ཆབ་སྲིད་ལ་འབྲེལ་བ་ཡོད་པའི་བརྗོད་བྱ་སོགས་ལ་རང་དབང་གི་སྒོ་ནས་བགྲོ་གླེང་བྱ་རྒྱུ་བཀག་འགོག ད་དུང་ཁུང་ཙིའི་སློབ་ཁག་གིས་དངོས་ཤུགས་བརྒྱུད་གསུམ་ནས་ནུབ་ཕྱོགས་ཀྱི་རང་དབང་དང་དམངས་གཙོ། ཁྲིམས་སྐྱོང་ལམ་ལུགས་ལ་ཞན་ཆ་ཡོད་པ་རྣམས་ཐེར་འདོན་བྱེད་ཀྱི་ཡོད་པ་རེད།

སུད་ཌེན་གཞུང་གིས་རྒྱ་ནག་དང་སུད་ཌེན་གཉིས་ཀྱི་འབྲེལ་བ་སྡུག་ཏུ་སོང་སྟེ་ན་ཚུན་དགྲར་འཛིན་དང་དོགས་ཟོན་བྱ་དགོས་པའི་མཚམས་སུ་སླེབས་སོང་། ང་ཚོའི་སློབ་ཕྲུག་རྣམས་རྒྱ་ནག་གི་ཁུང་ཙིའི་སློབ་གླིང་ཁག་ཏུ་ཀླད་ཁྲུས་བྱ་ཐབས་བྱེད་བཞིན་པ་ྒྱ་ནག་ལ་འགྲེལ་བཤད་བརྒྱབ་པ་ཡིན་ཞེས་ཁྱབ་བསྒྲགས་བྱས་འདུག རྒྱ་ནག་གཞུང་གིས་ཁྱོན་བསྡོམས་སུད་ཌེན་གྱི་སློབ་ཆེན་ཁག་ཏུ་ཁུང་ཙིའི་སློབ་གླིང་ལྔ་བཙུགས་ཀྱང་ན་ནིང་ཕྱི་ཟླ་༡༢་པའི་ནང་དུ་སུད་ཌེན་གཞུང་གིས་རྒྱ་ནག་གི་ཁུང་ཙིའི་སློབ་གླིང་༤་སྒོ་བརྒྱབ། ད་ལྟ་སུད་ཌེན་གྱི་ས་ཐོག་ཏུ་རྒྱ་ནག་གི་ཁུང་ཙིའི་སློབ་གླིང་གཅིག་ལས་མེད་པའང་སྒོ་རྒྱག་རྒྱུའི་ཐག་གཅོད་བྱས། འོན་ཀྱང་སུད་ཌེན་གྱི་རྒྱལ་སྤྱིའི་འབྲེལ་ལམ་རིག་པའི་ཉམས་ཞིབ་ཁང་གི་ཨེ་ཤི་ཡའི་སྡེ་ཚན་གྱི་འགན་འཛིན་གྱིས་ང་ཚོས་བདུན་ཕྲག་སྔོན་མ་ནས་ཁུང་ཙིའི་འཛིན་གྲྭ་རྣམས་མཚམས་འཇོག་བྱས་ཟིན། འདི་ནི་སུད་ཌན་གཞུང་གིས་རྒྱ་ནག་ལ་འཛིན་པའི་ལྟ་བ་དེར་འགྱུར་བ་ཐེབས་པ་ཧ་ཅང་མངོན་གསལ་དོད་པོ་རེད་ཅེས་བཤད།།

ཉམས་ཞིབ་པ་ཁག་ཅིག་གིས་སུད་ཌེན་གཞུང་གིས་རྒྱ་ནག་ལ་རིག་གཞུང་དང་ཤེས་ཡོན་སློབ་གཉེར་གྱི་འབྲེལ་བ་བཅད་པ་དེར་རྒྱུ་མཚན་འགའ་ཞིག་ཡོད་སྲིད། གཅིག་ནི་སུད་ཌེན་གྱི་སྤྱི་དམངས་སུ་གྱུར་པའི་དཔེ་དེབ་ཚོང་པཀོས་མིན་ཧེ་ཞེས་པ་ཞིག་རྒྱ་ནག་གཞུང་གིས་བཀག་ཉར་བྱེད་ཡོད་པར་ཐུག་འདུག ཀོས་མིན་ཧེས་རྒྱ་ནག་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཞིས་ཅིན་ཕིང་ལ་སྐྱོན་བརྗོད་བྲིས་པའི་དཔེ་དེབ་རྣམས་ཚོང་འགྲེམ་བྱས་པ་རེད། རྒྱ་ནག་གཞུང་གིས་སུད་ཌེན་གྱི་སྤྱི་དམངས་སུ་གྱུར་པའི་མི་ཞིག་འཛིན་བཟུང་བྱས་པ་དེ་ལ་བརྟེན་ནས་འབྲེལ་ཡོད་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྡུག་ཏུ་སོང་སྟེ་ཕན་ཚུན་ཡིད་ཆེས་མེད་པར་གྱུར་པ་རེད་ཅེས་བཀྲལ། ད་ལོའི་མགོ་སྟོད་དེར་ཨ་རིའི་མཱེ་རི་ལན་ཌི་མངའ་སྡེའི་སློབ་གྲྭ་ཆེན་མོར་རྒྱ་ནག་གི་ཁུང་ཙིའི་སློབ་གླིང་བཙུགས་ཡོད་པ་སྒོ་རྒྱག་རྒྱུའི་ཐག་བཅད། ཁུང་ཙིའི་སློབ་གླིང་དེས་མཱེ་རི་ལན་ཌི་སློབ་གྲྭ་ཆེན་མོའི་ཤེས་ཡོན་སློབ་གསོའི་ལམ་ལུགས་དང་རང་དབང་གི་ཞིབ་འཇུག་ལམ་སྲོལ་བཅས་ལ་ཐེ་གཏོགས་བྱས་པར་མ་ཟད། ཨ་རིའི་སློབ་ཆེན་དེའི་སློབ་གསོའི་ལམ་ལུགས་ལ་རྒྱ་ནག་གིས་ཤུགས་རྐྱེན་ངན་པ་ཞིག་ཐེབས་ཀྱི་ཡོད་པ་ར་འཕྲོད། ༢༠༡༩་ལོ་གཅིག་པུར་ཉུང་མཐར་ཡང་ཨ་མི་རི་ཀའི་སློབ་ཆེན་ཁག་༡༠་ཐམ་པས་རྒྱ་ནག་གིས་བཙུགས་པའི་ཁུང་ཙིའི་སློབ་གླིང་རྣམས་སྒོ་རྒྱག་པའམ། ཡང་ན་ཨ་རིའི་སློབ་ཆེན་དེ་དག་གིས་ཁུང་ཙིའི་སློབ་གླིང་གི་སློབ་ཁྲིད་རྣམས་མཚམས་འཇོག་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་འདུག


སྔ་ལོའི་ཕྱི་ཟླ་༢་པར་ཨ་རིའི་དབུས་ཞིབ་གཅོད་ལས་ཁང་གི་འགན་འཛིན་གྱིས་གྲོས་ཚོགས་གོང་མའི་ཚོགས་ཆུང་ཞིག་ལ་ཨ་རིའི་སློབ་ཆེན་ཁག་ཏུ་རྒྱ་ནག་གི་ཁུང་ཙིའི་སློབ་གླིང་ཚུགས་ཡོད་པ་ཁག་ལ་དོགས་ཟོན་བྱ་དགོས་ཀྱི་འདུག་ཅེས་སྙན་སེང་ཞུས། ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་མར་ཁོ་རུ་བྷིའོ་དང་ཊེ་ཊི་ཁུ་རུ་ཛི་གཉིས་རྒྱ་ནག་གི་ཁུང་ཙིའི་སློབ་གླིང་ཁག་ལ་སྐྱོན་བརྗོད་བྱེད་མཁན་གཙོ་བོ་ཡིན་རུང་། ཨ་རིའི་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་མང་པོ་ཞིག་གིས་ཀྱང་རང་གི་ས་གནས་ཀྱི་སློབ་ཆེན་ཁག་ཏུ་རྒྱ་ནག་གི་ཁུང་ཙིའི་སློབ་གླིང་བཙུགས་ཡོད་པ་རྣམས་སྒོ་རྒྱག་དགོས་ཞེས་སློབ་ཆེན་ཁ་ལ་གནོན་ཤུགས་སྤྲོད་ཀྱི་ཡོད་ཅིང་༢༠༡༩་ལོའི་ཕྱི་ཟླ་༨་པར་ཨ་རིའི་གྲོས་ཚོགས་ཀྱིས་རྒྱལ་སྲུང་བཅའ་ཁྲིམས་ཞེས་པའི་ཁྲིམས་ཤིག་གཏན་ལ་ཕབ། ཨ་རིའི་རྒྱལ་སྲུང་བཅའ་ཁྲིམས་དེར་རྒྱ་ནག་གི་ཁུང་ཙིའི་སློབ་གླིང་བཙུགས་ཡོད་སའི་ཨ་རིའི་སློབ་ཆེན་ཁག་ལ་དམིགས་བསལ་གྱི་ཆོག་མཆན་མེད་ཚེ། ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་སློབ་ཆེན་དེ་ཚོའི་རྒྱ་ཡིག་སློབ་སྦྱོང་གི་ལས་གཞི་ཁག་ལ་འགྲོ་གྲོན་གཏོང་མི་ཆོག་ཅེས་བཀོད། རོ་ཌི་ཨར་ལན་ཌི་མངའ་སྡེའི་སློབ་གྲྭ་ཆེན་མོས་ཨ་རིའི་རྒྱལ་སྲུང་ལྷན་ཁང་ནས་འགྲོ་གྲོན་བླངས་ཏེ་རྒྱ་ནག་གིས་བཙུགས་པའི་ཁུང་ཙིའི་སློབ་གླིང་སྒོ་བརྒྱབཆི་ཁ་གྷོ་སློབ་གྲྭ་ཆེན་མོའི་སློབ་དཔོན་མཱར་ཤཱལ་སཱ་ལིན་སི་ཞེས་པ་ཞིག་གིས་ཁུང་ཙིའི་སློབ་གླིང་ཞེས་པའི་དཔེ་དེབ་ཅིག་བྲིས། ཁོང་གིས་ཨ་མི་རི་ཀའི་གཡས་ཕྱོགས་པ་དང་རྒྱལ་ཡོངས་མཁས་པའི་ལྷན་ཚོགས། ཨ་རིའི་གྲོས་ཚོགས་འཐུས་མི་རྣམས་དང་དབུས་ཞིབ་གཅོད་ལས་ཁང་སོགས་བདེ་འཇགས་ཚན་པ་ཁག་གིས་ཁུང་ཙིའི་སློབ་གླིང་རྣམས་སྒོ་རྒྱག་དགོས་པའི་གནོན་ཤུགས་སྤྲོད་ཀྱི་འདུག ཨ་རིའི་ཆབ་སྲིད་ཀྱི་སྟོབས་ཤུགས་ལྡན་པའི་ཚོགས་སྡེ་དེ་དག་གིས་ྲང་དམག་འཁོན་འཛིང་གི་ལྟ་བ་བཅངས་ནས་རྒྱ་ནག་དམར་ཤོག་གི་ལྟ་གྲུབ་ཀྱིས་ཨ་མི་རི་ཀར་ཤུགས་རྐྱེན་ཐེབས་སྲིད་པའི་དོགས་ཟོན་བྱེད་ཀྱི་འདུག་ཅེས་བཀོད་ཡོད་པ་རེད།།

XS
SM
MD
LG