ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཕྱི་རྒྱལ་གྱི་གསར་འགོད་པ་བརྒྱ་ཆ་༧༥ཙམ་ཞིག་བོད་དུ་གསར་འགྱུར་འགོད་པར་བཏང་མེད་པ།


རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཡོད་པའི་ཕྱི་རྒྱལ་གྱི་གསར་འགོད་པའི་མཐུན་ཚོགས་ཀྱིས་ཞིབ་འཇུག་བྱས་པར་གཞིགས་ན་ རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ ཕྱི་རྒྱལ་གྱི་གསར་འགོད་པ་གཏོང་རྒྱུར་དམ་དྲག་ཧ་ཅང་ཆེན་པོ་བྱས་ཏེ་ ད་ཕན་ཕྱི་རྒྱལ་གྱི་གསར་འགོད་པ་བཞི་ཆ་གསུམ་ཙམ་ཞིག་ལ་ བོད་རང་སྐྱོང་ལྗོངས་ཁུལ་དུ་གསར་འགྱུར་འགོད་སྤེལ་བྱེད་པར་འགྲོ་ཆོག་པའི་ཆོག་མཆན་མ་སྤྲད་པར་བཀག་སྡོམ་བྱས་ཡོད་པ་རེད་ དེ་ཡང་ ཕ་ཡུལ་དྲ་གནས་ཀྱིས་གནས་ཚུལ་སྤེལ་གསལ་ལྟར་ན་ རྒྱ་ནག་གཞུང་གིས་བོད་དེ་བཞིན་ འཛམ་གླིང་གི་ཕྱི་ཕྱོགས་ལ་སྒོ་མོ་ཕྱེ་སྟེ་ དེ་གར་ཕྱི་རྒྱལ་གྱི་གསར་འགོད་པ་གཏོང་གི་ཡོད་ཚུལ་ཤོད་ཀྱི་ཡོད་ཀྱང་ དོན་དངོས་ཐོག་ རྒྱ་ནག་ནང་ཡོད་པའི་ཕྱི་རྒྱལ་གྱི་གསར་འགོད་པའི་མཐུན་ཚོགས་ཀྱིས་ཉེ་དུས་གསར་འགོད་པ་རྣམས་ལ་འདྲི་ཞིབ་བྱས་པའི་གྲུབ་འབྲས་ལ་གཞིགས་ན་ ཉེ་བའི་ཆར་མཚོན་ན་ ཕྱི་ལོ་༢༠༡༥ལོར་ བོད་རང་སྐྱོང་ལྗོངས་ཀྱི་ནང་ ཕྱི་རྒྱལ་གྱི་གསར་འགོད་པ་ཉུང་ཤས་ཤིག་བཏང་བའི་གནས་ཚུལ་བྱུང་ཡོད་པ་མ་གཏོགས་ གཞི་རྩའི་ཆ་ནས་ བོད་ཀྱི་མངའ་ཁུལ་དེ་ནི་ ཕྱི་རྒྱལ་གྱི་གསར་འགོད་པར་སྒོ་བརྒྱབས་ཏེ་ དམ་དྲག་ཆེན་པོའི་འོག་གནས་མུས་ཡིན་པ་རེད།

XS
SM
MD
LG