ངོ་འཕྲད་བདེ་བའི་དྲ་འབྲེལ།

སྤྱི་མཐུན་ཚོགས་པའི་ཕྱོགས་གཏོགས་ཚོགས་པ་ཞིག་གིས་ཨོ་བྷ་མ་ལ་སྐྱོན་བརྗོད་ཀྱི་དྲིལ་བསྒྲགས་སྤེལ་འཆར་ཡོད་པ།


སྤྱི་མཐུན་ཚོགས་པའི་ཕྱོགས་གཏོགས་ཚོགས་པ་ཞིག་གིས་ དེ་སྔ་འཐེན་འཁྱེར་གྱི་གཏམ་བཤད་བྱེད་མཁན་ཡེ་ཤུའི་ཆོས་དཔོན་ཞིག་དང་ སྲིད་འཛིན་སྐུ་ཞབས་བྷ་རག་ཨོ་བྷ་མ་འབྲེལ་བ་ཆེན་པོ་ཡོད་ཚུལ་གྱི་གནས་ཚུལ་རྒྱ་ཆེ་ཁྱབ་སྤེལ་བྱ་རྒྱུར་དམིགས་པའི་དྲིལ་བསྒྲགས་ཀྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་ བརྙན་འཕྲིན་དང་རླུང་འཕྲིན་སོགས་གང་ཅིའི་ཐད་ཁྱབ་སྤེལ་བྱ་རྒྱུའི་འཆར་གཞི་ཡོད་པ་དང་ ཁོང་ཚོའི་དམིགས་ཡུལ་གཙོ་བོ་ནི་ དྲིལ་བསྒྲགས་དེ་ཚོས་ལོ་འདིའི་ལོ་མཇུག་ཏུ་སྲིད་འཛིན་ཨོ་བྷ་མ་ཡང་བསྐྱར་སྲིད་འཛིན་ལ་འདེམས་ཐོན་མི་ཡོང་བའི་ཆེད་དུ་ཡིན་པའི་སྐོར་ གསར་འགྱུར་བརྒྱུད་ལམ་ཁག་གི་ཐོག་ཐོན་པའི་གནས་ཚུལ་རྣམས་ དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG