ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཨ་རིའི་ཨོར་འཐོམ་ལྒང་ལིའི་རྩེད་འགྲན་སྐབས་སུ་བོད་དོན་དྲིལ་བསྒྲགས།


ཨ་རིའི་ཨོར་འཐོམ་ལྒང་ལིའི་རྩེད་འགྲན་སྐབས་སུ་བོད་དོན་དྲིལ་བསྒྲགས།
ཨ་རིའི་ཨོར་འཐོམ་ལྒང་ལིའི་རྩེད་འགྲན་སྐབས་སུ་བོད་དོན་དྲིལ་བསྒྲགས།

འཛམ་གླིང་ཁྱོན་་ཡོངས་སུ་ཨ་མི་རི་ཀའི་ཨོར་འཐོམ་ལྒང་ལི་ཟེར་པ་དེ་ནི། མི་ས་ཡ་མང་པོས་ཧ་ཅང་དགའ་མོས་བྱེད་པའི་ཨ་མི་རི་ཀའི་ཐུན་མོང་མ་ཡིན་པའི་རྩེད་རིགས་ཤིག་ཡིན་པ་དང་། ཕྱི་ཟླ་༢་ཚེས་༦་གི་དགོང་མོར་ཨ་མི་རི་ཀའི་ཨོར་འཐོམ་ལྒང་་ལིའི་རུ་ཁག་རྩེ་ཕུད་གཉིས་ཀྱིས་མཐའ་མའི་འགྲན་བསྡུར་བྱས་ཏེ། ཨ་མི་རི་ཀ་བ་འབུམ་ཕྲག་གཅིག་ལྷག་རྩེད་ཐང་ལ་དངོས་སུ་སོང་ནས་ལྟད་མོ་བལྟས་ཡོད་པ་དང་། ད་དུང་ཨ་མི་རི་ཀ་བ་ས་ཡ་མང་པོས་རང་ཁྱིམ་དུ་བརྙན་འཕྲིན་བརྒྱུད་ནས་རྩེད་འགྲན་དེར་བལྟས་ཤིང་། རྩེད་འགྲན་དེའི་བར་སེང་གི་བརྙན་འཕྲིན་དྲིལ་བསྒྲགས་སྐབས་སུ་ཧི་མ་ལ་ཡའི་ཟ་ཁང་གི་དྲིལ་བསྒྲགས་དང་། འཁྲབ་སྟོན་པ་ཊི་མོཏི་ཧིའུ་ཊོན་གྱིས་བརྙན་འཕྲིན་ནང་དུ་མང་ཚོགས་ལ་བོད་མི་རིགས་འདི་དཀའ་ངལ་འོག་ཏུ་ཚུད་ཡོད། བོད་པའི་རིག་གཞུང་རྩ་བརླག་འགྲོ་བཞིན་ཡོད་ཅེས་དྲིལ་བསྒྲགས་བྱས་ཏེ། ཨོ་མི་རི་ཀའི་ཨོ་འཐོམ་ལྒང་ལིའི་རྩེད་འགྲན་གྱི་བར་སེང་སྐབས་སུ་བརྙན་འཕྲིན་ནང་དུ་་བོད་དོན་དྲིལ་བསྒྲགས་བྱས་པ་དེར་རྒྱ་ནག་གཞུང་དང་རྒྱ་ནག་གི་མི་རིགས་རིང་ལུགས་པ་ཚོས་ཁ་རྡུང་དྲག་པོ་བཏང་ཡོད་པ་རེད།

XS
SM
MD
LG