ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྒྱ་ནག་གི་བཟོ་བ་ཚོས་ཧོན་ཌ་རླངས་འཁོར་བཟོ་ཚོང་ཁང་ལ་དགོས་འདུན་འགའ་ཞིག་བཏོན་པ།


འདས་པའི་ཉི་མ་འགའ་ཞིག་གི་རྒྱ་ནག་ལྷོ་ཕྱོགས་ཀྱི་ཀོང་ཏུང་ཞིང་ཆེན། ཧཕུ་ཧན་ས་གནས་སུ་ཡོད་པའི་ཉི་ཧོང་གི་ཧོན་ཌ་རླངས་འཁོར་བཟོ་ཚོང་ཁང་གི་བཟོ་བ་ཚོས་ལས་བཤོལ་ངོ་རྒོལ་བྱེད་ཀྱི་ཡོད་པ་དང༌། རྒྱ་ནག་གི་བཟོ་བ་ཚོས་

ལས་མཚམས་བཞག་ནས་ངོ་རྒོལ་བྱེད་ཀྱི་ཡོད་པ་མཇུག་བསྒྲིལ་དགོས་ཚེ། ཧོན་ཌ་རླངས་འཁོར་བཟོ་ཚོང་ཁང་གིས་རྒྱ་ནག་གི་བཟོ་བ་ཚོར་གླ་ཕོགས་སྤར་དགོས་པ་དང༌། མ་འོངས་པའི་ལོ་གཉིས་ཀྱི་རིང་དེར་ཧོན་ཌ་རླངས་འཁོར་བཟོ་ཚོང་

ཁང་གིས་རང་སྣང་གང་དྲན་གྱིས་སྒོ་ནས་བཟོ་བ་ཚོར་བཟོ་གྲྭ་ནས་ཕྱིར་བུད་གཏོང་མི་ཆོག་པ། ཁོང་ཚོས་ལས་བཤོལ་ངོ་རྒོལ་བྱས་པའི་སྐབས་དེར་ཧོན་ཌ་རླངས་འཁོར་བཟོ་ཚོང་ཁང་གི་འགོ་ཁྲིད་ཚོས་རྒྱ་ནག་གི་བའི་བདེ་སྡུག་ལ་ཉན་

འཇོག་མ་བྱས་པ་དེར་བཟོད་གསོལ་ཞུ་དགོས་ཞེས་ཆ་རྐྱེན་འགའ་ཞིག་བཏོན་ཡོད་པ་རེད།

XS
SM
MD
LG