ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

བོད་མི་ཁོར་ཡུག་སྲུང་སྐྱོབ་དོན་གཉེར་ཅན་གྱི་སྤུན་གསུམ་ལ་རྒྱལ་སྤྱིའི་རྒྱབ་སྐྱོར།


ཨེ་ཤི་ཡ་དང་ཡུ་རོབ། ཨ་མེ་རི་ཀ་བཅས་ཀྱི་ཁོར་ཡུག་སྲུང་སྐྱོབ་དོན་གཉེར་ཅན་ཚོས། བོད་ནང་གི་ཁོར་ཡུག་སྲུང་སྐྱོབ་ལ་ལེགས་སྐྱེས་ཆེན་པོ་འབུལ་མཁན་གྱི་བོད་རིགས་སྤུན་མཆེད་གསུམ་བཙོན་ཁང་ནས་གློད་བཀྲོལ་གཏོང་དགོས་པའི་འབོད་བསྐུལ་གྱི་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དང༌། དབྱིན་ཡུལ་ནང་རྟེན་གཞི་བྱས་པའི་ཁོར་ཡུག་ཞིབ་འཇུག་ལས་དོན་ཁང་ཞིག་དང་ཁོར་ཡུག་སྲུང་སྐྱོབ་དོན་གཉེར་ཅན་གྷོར་ཌོན་རོཌ་་སྒྲིག་ཐེ་བའི་སྒྲིག་འཛུགས་ཆེ་ཁག་མང་པོས་མིང་རྟགས་བཀོད་པའི་གསལ་བསྒྲགས་དེའི་ནང༌། བོད་རིགས་སྤུན་མཆེད་གསུམ་ལ་བཙོན་འཇུག་གི་ཁྲིམས་ཆད་བཏང་བའི་རྐྱེན་གྱིས། འབྲེལ་ཡོད་དོ་བདག་སྒེར་ལ་མཇུག་འབྲས་ཚབས་ཆེན་ཡོང་རྒྱུ་བརྗོད་མ་དགོས་པའི་ཐོག དེ་ལས་ལྷག་པ་སྤྱི་ཚོགས་དར་རྒྱས་འགྲོ་བཞིན་པའི་རྒྱ་ནག་གི་ནང་དུ་མཇུག་འབྲས་ཚབས་ཆེ་བ་ཡོང་རྒྱུ་ཡིན་པ་བརྗོད་ཡོད་འདུག

XS
SM
MD
LG