ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

བོད་ཀྱི་མཚོ་ལྷོ་ཁུལ་དུ་ཟོག་ལུག་ལ་ན་ཚ་ཞིག་ཁྱབ་ཀྱི་ཡོད་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཕྱི་ཟླ་༦་པའི་ཚེས་༡་ཉིན་བོད་ནས་མིང་འདོན་བྱེད་འདོད་མེད་པའི་བོད་པ་ཁག་ཅིག་གི་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། དེང་སྐབས་རྒྱ་ནག་གཞུང་གི་ཆ་བགོས་བྱས་ཡོད་པའི་མཚོ་སྔོན་ཞིང་ཆེན་གྱི་མཚོ་ལྷོ་ཁུལ། གསེར་ཆེན་རྫོང་གི་མངའ་འོག་ཏུ་ཐེ་གེ་ཞང་ཞེས་གྲགས་པའི་ས་གནས་དེར་ཟོག་ལུག་གི་ན་ཚ་ཞིག་སླེབས་ཡོད་ཅིང་། ཕྱི་ཚེས་༡་ཉིན་ཐེ་གེ་ཞང་གི་མངའ་ཁོངས་སུ་གཏོགས་པའི་སྡེ་བ་ཞིག་གི་ཁྱིམ་ཚང་གཅིག་གིས་མཚོ་སྔོན་ཏ་ཐོང་རྫོང་ཕྱོགས་ནས་ལུག་༡༥༠་ཙམ་ཉོས་པ་རྣམས་གཅིག་ཀྱང་མ་བཞག་པར་རྒྱལ་ཁབ་ཀྱི་ལས་བྱེད་པ་ཚོ་སླེབས་ནས་ལུག་ཚང་མ་སྡེབ་ཏུ་ས་འོག་ལ་སྦས་ནས་བསད་ཡོད་ཅིང་། ལས་བྱེད་པ་ཚོས་འཕྲལ་དུ་སྡེ་མི་ཚང་མ་ཚོགས་འདུར་བསྐོངས་ནས་རྒྱ་སྐད་དུ་ཕྱུགས་ནད་དེའི་མིང་ལ་གོ་པེན་ཟེར་འདུག ཧ་ཅང་གི་ཉེན་ཁ་ཅན་གྱི་ན་ཚ་ཞིག་རེད། ནད་རྟག་གཙོ་བོ་ནི་ཟོག་ལུག་གི་རྐང་ལག་གི་ཚིགས་མགོ་ཚང་མ་སྐྲངས་ཏེ་ཤི་འགྲོ་བ་དེ་འདྲ་ཞིག་རེད་འདུག་ཅེས་བསྒྲགས། འོན་ཀྱང་དོན་དངོས་སུ་ཕྱུགས་ནད་དེ་ཅི་ཞིག་ཡིན་པ་དང་ནད་རྟགས་ཅི་ཞིག་འཐོན་གྱི་ཡོད་པ་རྣམས་ས་གནས་དེའི་བོད་པ་ཚོས་ཤེས་རྟོགས་ཐུབ་ཀྱི་མེད་པའི་གནས་ཚུལ་ཐོན་འདུག

ད་དུང་ཞང་དེའི་གཡས་གཡོན་གྱི་སྡེ་བ་སོ་སོའི་ཟོག་ལུག་ལའང་འགོག་སྨན་ཞིག་རྒྱག་འགོ་ཚུགས། འགོག་སྨན་དེ་བརྒྱབ་ནས་ཟླ་བ་བདུན་ནས་བརྒྱད་བར་དུ་ཟོག་ལུགས་དེའི་ཤ་ཟ་བའམ། འོ་མ་འཐུང་བ་སོགས་བྱེད་མི་ཉན་ཚུལ་བརྗོད་འདུག ཡང་གནས་ཚུལ་མཁོ་སྤྲོད་པ་གཞན་ཞིག་གིས་ཐེ་གེ་ཞང་དུ་ཟོག་ལུག་ལ་ན་ཚ་བྱུང་མ་ཐག་ཏུ་མཚོ་ལྷོ་ཁུལ་གི་བཤས་ཚོང་ཁང་ཚང་མའི་ནང་དུ་ཤ་ཉོ་མཁན་ཇེ་ཉུང་དུ་ཕྱིན་སོང་བར་མ་ཟད། རྒྱལ་ཁབ་ཀྱིས་གནས་སྐབས་རིང་མང་ཚོགས་ལ་ལུག་ཤ་ཟ་མི་ཉན་པའི་ཉེན་བརྡ་ཞིག་གཏོང་བཞིན་འདུག ཤ་འཚོང་ཁང་ཚང་མར་བརྟག་དཔྱད་ནན་མོ་བྱེད་བཞིན་པའི་སྒང་རེད། འདས་བའི་བདུན་ཕྲག་གཅིག་ཙམ་གྱི་གོང་དུ་མཚོ་ལྷོ་ཁུལ་གྱི་མངའ་ཁོངས་སུ་གཏོགས་པའི་རྐང་ཚ་དང་ཨིར་རྟི་སོགས་སུའང་རྒྱལ་ཁབ་ཀྱི་ཟོག་ནད་ཅིག་ཐོན་ཡོད་ཚུལ་བསྒྲགས་ནས་བརྟག་དཔྱད་དང་རང་རང་གི་ས་གནས་ནང་ཁུལ་མ་གཏོགས་ས་གནས་གཞན་ནས་ཟོག་ལུག་ཉོས་པ་རྣམས་འབྲེལ་ཡོད་ལས་ཁུངས་ཁག་ལ་སྣན་སེང་ཞུ་དགོས། ཟོག་ལུག་ལ་ཕྱུགས་ནད་འགོས་ཡོད་མེད་ལ་བརྟག་དཔྱད་བྱས་ནས་དུས་ཡུན་བདུན་ཕྲག་གཅིག་ལྷག་གི་རིང་ལ་ཛ་དྲག་གི་གནས་ཚུལ་ཞིག་བྱུང་སོང་། ད་ལྟ་གང་ཅིའི་གནས་སྟངས་ཅུ་ཙམ་ཞི་འཇམ་དུ་སོང་འདུག་ཅེས་གནས་ཚུལ་མཁོ་སྤྲོད་བྱུང་ཞིང་། ཟོག་ལུག་གི་ན་ཚ་བྱུང་ས་ནི་མཚོ་ལྷོ་ཁུལ་གྱི་མངའ་ཁོངས་ཡིན་པ་དང་ཕན་ཚུན་བར་ཐག་སྤྱི་ལེ་༥༠་ཙམ་ལས་མེད་པའི་ས་ཁུལ་ཞིག་ཡིན་པའི་སྐོར། འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བལ་ཡུལ་ནས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

XS
SM
MD
LG