ངོ་འཕྲད་བདེ་བའི་དྲ་འབྲེལ།

སི་པེཎ་ཁྲིམས་ཁང་གིས་རྒྱ་ནག་གི་འགོ་ཁྲིད་ཟུར་པ་ལྔ་འཛིན་བཟུང་བྱ་དགོས་པའི་བཀའ་རྒྱ་བཏང་།


རྒྱ་ནག་གཞུང་གིས་བོད་དུ་སྲིད་ཇུས་ལག་བསྟར་བྱེད་ཕྱོགས་དང་འབྲེལ་ཏེ་རྒྱ་ནག་གི་འགོ་ཁྲིད་ཟུར་པ་ལྔ་འཇུ་བཟུང་བྱ་དགོས་ལུགས། ཁ་སང་ཕྱི་ཚེས་༡༨ཉིན་སི་པེཎ་རྒྱལ་ཡོངས་ཁྲིམས་ཁང་གིས་བཀའ་རྒྱ་བཏང་འདུག དེའི་གོང་ཁྲིམས་ཁང་དེས་སྲིད་འཛིན་ཟུར་པ་ཧུ་ཇིན་ཏའོ་ལ་བོད་དུ་མི་རིགས་སྡེབས་གསོད་བཏང་པའི་ནག་ཉེས་བཀལ་སྐྱེལ་ཡོད་པ་རེད། དེ་ནི་བོད་དོན་གྱོད་གཞི་འཛུགས་མཁན་སི་པེཎ་མི་སེར་སྐུ་ཞབས་དབང་ཆེན་ལགས་ཀྱིས་བོད་ཀྱི་འཐབ་རྩོད་ལ་བདེན་པ་ཡོད་པའི་དཔང་རྟགས་དང་། རྒྱ་མིའི་དཔོན་རིགས་ཚོར་ཁྲིམས་ཐོག་ནས་འཇིགས་སྣང་སྐྱེས་གཞི་ཆགས་པ་རེད་ཅེས་འདི་ག་རླུང་འཕྲིན་ཁང་ལ་གསུངས་པའི་སྐོར་གྱི་གནས་ཚུལ་ཞིབ་ཕྲ་བསོད་ནམས་གཡང་འཛོམས་ཀྱིས་སྙན་སྒྲོན་ཞུ་གི་རེད།
XS
SM
MD
LG