ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རི་དང་ལྷོ་ཀོ་རི་ཡའི་རྒྱལ་སྲུང་མཉམ་འབྲེལ།


ཨ་མི་རི་ཀའི་རྒྱལ་སྲུང་དྲུང་ཆེ་རོ་བྷར་ཊི་གྷེ་ཊེའི་ཨེ་ཤེ་ཡའི་འཚམས་འདྲི་དེ་ལྷོ་ཀོ་རི་ཡ་ནས་མཇུག་བསྒྲིལ་ཡོད་པ་དང་། དེ་རིང་གཟའ་པ་སངས་ཉིན་ཨ་རིའི་རྒྱལ་སྲུང་དྲུང་ཆེ་དང་ལྷོ་ཀོ་རི་ཡའི་རྒྱལ་སྲུང་བློན་ཆེན་གཉིས་ཐུག་འཕྲད་གྲོས་མོལ་རྗེས་སུ་གསར་འགོད་པ་ཚོར་བཤད་པ་ལྟར་ན། ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡ་གཉིས་ཀྱིས་བྱང་ཀོ་རི་ཡར་ཞི་བའི་གྲོས་མོལ་འཕྲོ་སྐྱོང་བྱེད་ཆོག་པ་ཞིག་ཡིན་རུང་། སྔོན་ལ་ཨ་མི་རི་ཀ་དང་རྒྱ་ནག ཉི་ཧོང་དང་ར་ཤི་ཡ། ལྷོ་བྱང་ཀོ་རི་ཡ་བཅས་འབྲེལ་ཡོད་རྒྱལ་ཁབ་དྲུག་གི་སྐུ་ཚབ་ཚོ་ལྷན་འཛོམས་གྲོས་མོལ་མ་བྱས་གོང་དུ་ལྷོ་བྱང་ཀོ་རི་ཡའི་སྐུ་ཚབ་རྣམ་པ་ཐད་ཀར་ཐུག་འཕྲད་བྱས་ཏེ། ཁོང་ཚོས་ཞི་བའི་གྲོས་མོལ་དེ་ཉིད་སྔོན་ལ་འགོ་འཛུགས་བྱེད་དགོས་ཞེས་ནན་བརྗོད་བྱས་ཡོད་པ་རེད།།

XS
SM
MD
LG