ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ལྷོ་ཀོ་རི་ཡའི་གསང་བའི་ལས་ཁང་གིས་སོ་མྱུལ་གྱི་ཉེན་བརྡར་སྣང་ཆུང་།


ལྷོ་ཀོ་རི་ཡའི་གསང་བའི་ལས་ཁང་གིས་སོ་མྱུལ་གྱི་ཉེན་བརྡར་སྣང་ཆུང་།
ལྷོ་ཀོ་རི་ཡའི་གསང་བའི་ལས་ཁང་གིས་སོ་མྱུལ་གྱི་ཉེན་བརྡར་སྣང་ཆུང་།

ད་ལོའི་ཕྱི་ཟླ་བ་༨་ནས་ལྷོ་ཀོ་རི་ཡའི་སོ་མྱུལ་ཚོས་བྱང་ཀོ་རི་ཡས་ཚུར་རྒོལ་བྱེད་སྲིད་པའི་ཉེན་ཀ་འདུག་ཅེས་སྔོན་བརྡ་བཏང་རུང་། ལྷོ་ཀོ་རི་ཡའི་གསང་བའི་ལས་ཁང་གི་འགོ་ཁྲིད་ཚོས་བྱང་ཀོ་རི་ཡས་རྒྱུན་དུ་གཏོར་རྒོལ་བྱེད་རྒྱུ་ཡིན་ཞེས་ཉེན་བརྡ་གཏོང་བའི་ལུགས་སྲོལ་ཞིག་ཡོད། ང་ཚོས་བྱང་ཀོ་རི་ཡའི་རྒྱུན་ལྡན་གྱི་སྡིགས་ར་དེ་ཚོར་གཟབ་ནན་དེ་ཙམ་བྱེད་དགོས་དོན་མེད་ཅེས་སྣང་ཆུང་བཏང་སྟེ། གཟའ་འཁོར་སྔོན་མར་བྱང་ཀོ་རི་ཡས་དངོས་སུ་ལྷོ་ཀོ་རི་ཡའི་ས་མཚམས་སུ་ཡོད་པའི་ཡུང་བི་འོན་གླིང་ཕྲིན་ལ་མེ་སྒྱོགས་བརྒྱབ་ནས་ཚུར་རྒོལ་བྱས་པ་མ་ཟད། ལྷོ་ཀོ་རི་ཡའི་མཚོ་དམག་༢་དང་ས་གནས་དེའི་མི་མང་དཀྱུས་མ་༢་བཅས་ཁྱོན་བསྡོམས་མི་༤་སྲོག་སྐྱོན་ཕོག་པ་དང་། ད་དུང་གླིང་ཕྲན་དེའི་མི་མང་གི་ཁང་པ་ཕལ་ཆེ་བར་གཏོར་བཤིག་ཕོག་ཡོད་པ་རེད།།

XS
SM
MD
LG