ངོ་འཕྲད་བདེ་བའི་དྲ་འབྲེལ།

ལྷོ་ཀོ་རི་ཡས་ནུབ་ཕྱོགས་མཐའ་མཚམས་ཀྱི་མཚོ་ཁར་དམག་དཔུང་ཁ་སྣོན་གཏོང་གི་ཡོད་པ་དང་། བདུན་ཕྲག་འདིར་བྱང་ཀོ་རི་ཡས་མེ་སྒྱོགས་ཐེངས་༡༧༦་བརྒྱབས་ནས་ལྷོ་ཀོ་རི་ཡའི་ས་མཚམས་ཀྱི་ཡུན་བི་འོང་གླིང་ཕྲན་ལ་གཏོར་རྒོལ་བྱས་ཏེ། ལྷོ་ཀོ་རི་ཡའི་མཚོ་དམག་གཉིས་དང་གླིང་ཕྲན་དེའི་མི་མང་དཀྱུས་མ་༢་བཅས་ཁྱོན་བསྡོམས་མི་༤་ལ་སྲོག་སྐྱོན་ཕོག་པ་དང་། ས་གནས་དེའི་མི་མང་གི་ཁང་པ་ཕལ་ཆེ་བར་གཏོར་བཤིག་ཕོག་ཡོད་ཅིང་། དེར་བརྟེན་གཟའ་ཕུར་བུའི་ཉིན་ལྷོ་ཀོ་རི་ཡའི་སྲིད་འཛིན་གྱིས་དམག་གི་སྒྲིག་གཞི་ཁག་ཅིག་ལ་སྒྱུར་བཅོས་བཏང་ནས་བྱང་ཀོ་རི་ཡར་རྒོལ་ལན་དྲག་པོ་སློག་ཆོག་པའི་ཐག་གཅོད་བྱས་ཡོད་པ་དང་། ཕྱི་ཟླ་༡༡་ཚེས་༢༦་ཉིན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལྷོ་ཀོ་རི་ཡར་འཚམས་འདྲིར་ཕེབས་འཆར་ཡོད་པའང་ཕྱིར་འཐེན་བྱས་ཡོད་པ་རེད།

XS
SM
MD
LG