ངོ་འཕྲད་བདེ་བའི་དྲ་འབྲེལ།

ཇི་ནི་ཝེའི་ནང་གདུང་སེམས་མཉམ་སྐྱེད་ཀྱི་སྨོན་ལམ་གསོལ་འདེབས་གནང་བ།


སྤྱི་ཟླ་གསུམ་པའི་ཚེས་༥རེས་གཟའ་མིག་དམར་གྱི་ཉིན་སུ་སིའི་གྲོང་ཁྱེར་ཇི་ནི་ཝེའི་ནང་ཡོད་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ཀྱི་མདུན་ཐང་དུ་ཀིརྟི་དགོན་པའི་དབུ་བླ་ཀིརྟི་རིན་པོ་ཆེ་དབུས་པའི་སུ་སི་དང་ ལེག་ཏན་སི་ཐན་ཁུལ་དུ་གནས་སྡོད་བྱེད་མཁན་བོད་མི་ཉིས་བརྒྱ་ཙམ་ཞིག་འདུ་འཛོམས་བྱས་ཏེ་བོད་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་བྱ་རྒྱུའི་དོན་དུ་རང་ལུས་མེར་བསྲེགས་གཏོང་མཁན་བོད་མི་༡༠༧བྱུུང་ཡོད་པ་དེ་དག་ལ་བསྔོ་སྨོན་དང་ ཁོང་རྣམས་ཀྱི་རྗེས་ཤུལ་ནང་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་བཅས་ཀྱི་སྐོར་བོད་ཀྱི་དྲ་རྒྱའི་ཐོག་ཐོན་པའི་གནས་ཚུལ་ཞིག་ཀུན་བཟང་སྒྲོལ་མས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།
XS
SM
MD
LG