ངོ་འཕྲད་བདེ་བའི་དྲ་འབྲེལ།

ཁམས་བྲག་མགོ་ཁུལ་གྱི་བོད་མིའི་གནས་སྟངས་ཛ་དྲག་ཏུ་འགྲོ་གི་ཡོད།


ཁམས་བྲག་མགོ་ནས་ཡིན་པ་དེང་སྐབས་རྒྱ་གར་་ལྷོ་ཕྱོགས་སུ་ཡོད་པའི་འབྲས་སྤུང་བློ་གསལ་གླིང་གི་གྲྭ་བློ་བཟང་རྒྱལ་མཚན་ལགས་ཀྱིས་འདི་ག་ཨ་རིའི་རླུང་འཕྲིན་ཁང་ལ་གནས་ཚུལ་གསུངས་དོན་ལྟར་བྱས་ན་་ རྒྱ་ནག་གི་ཉེན་རྟོག་པ་དང་དམག་མི་ཁག་ཅིག་གིས་ ཉེ་སྔོན་ཟླ་བ་འདིའི་ཚེས་༢ཉིན་བྲག་མགོ་དགོན་པའི་ཕྱག་མཛོད་རྒན་པ་དགེ་བཤེས་བསྟན་འཛིན་དཔལ་བཟང་ལགས་སུ་ལོ་འདིའི་ཟླ་བ་དང་པོའི་ནང་བྱུང་བའི་ཞི་རྒོལ་གྱི་དོན་རྐྱེན་རྣམས་གོ་སྒྲིག་བྱེད་མཁན་གཙོ་བོ་ཡིན་པའི་ཉེས་མིང་བཏགས་ཏེ་དགོན་པ་ནས་འཛིན་བཟུང་བྱས་ནས་ ད་ལྟའི་ཆར་ཁོང་གང་དུ་ཡོད་མེད་ཤེས་རྟོག་གང་ཡང་མེད་པའི་གནས་སུ་གྱར་ཡོད་པ་བཅས་ཀྱི་སྐོར་ཀུན་བཟང་སྒྲོལ་མས་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG