ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་བཙན་གནོན་དང་དྲག་རྩུབ་ཀྱི་སྲིད་བྱུས་ལ་ངོ་རྒོལ་བྱ་རྒྱུར་ དེང་སང་བོད་ནང་ བོད་མི་ཚོས་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་ གཅིག་མཇུག་གཉིས་མཐུད་དུ་ཐོན་བཞིན་པའི་སྐབས་འདིར་ བོད་དོན་ཆེད་རང་གི་ཡོད་ཚད་བློས་གཏོང་མཁན་བོད་མི་འདི་རྣམས་ཀྱི་སྙིང་སྟོབས་དང་ཆོད་སེམས་ལ་ཀུན་གྱིས་རྗེས་སུ་ཡི་རང་བྱེད་པ་དང་ཆབས་ཅིག་ སྐྱོ་ཤས་་ཆེ་བའི་གནས་ཚུལ་འདི་རིགས་མུ་མཐུད་དེ་འབྱུང་བཞིན་པ་འདིའི་ཐད་ བོད་མིའི་ཁྲོད་དུ་སེམས་ཚོར་འདྲ་མིན་ཞིག་ཀྱང་ཡོང་གི་ཡོད་ཅིང་ སྐད་གྲགས་ཡོད་པའི་བོད་མི་རྩོམ་པ་པོ་འོད་ཟེར་ལགས་ཀྱིས་ད་རིང་གནད་དོན་འདིའི་ཐད་ཆེད་རྩོམ་ཞིག་སྤེལ་འདུག་པ་དེ་ དཔལ་མོ་མཁས་གྲུབ་ཀྱིས་ཕབ་བསྒྱུར་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG