ངོ་འཕྲད་བདེ་བའི་དྲ་འབྲེལ།

འདམ་གཞུང་ཚེ་དབང་རྡོ་རྗེ་འདས་གྲོངས།


འདམ་གཞུང་རྫོང་།
ཕྱི་ཟླ་༧་ཚེས་༧་ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ཉེ་འཁྲིས་སུ་ཡོད་པའི་འདམ་གཞུང་རྫོང་། འདམ་ཆུ་ཁ་གྲོང་རྡལ་གྱི་མཆོད་རྟེན་ཁུག་གི་བོད་པ་རང་ལོ་༢ ༢་ལ་སོན་པའི་ཚེ་དབང་རྡོ་རྗེ་ཞེས་པ་ཞིག་གིས་ཕྱི་ཚེས་༧་གྱི་ཉིན་གུང་ཙམ་ལ་རང་ལུས་མེར་སྲེག་བཏང་འདུག་ཅིང་། ཁོང་གིས་རང་ལུས་མེར་སྲེག་གཏོང་བཞིན་པའི་སྐབས་སུ་ཉེན་རྟོག་པ་དང་དྲག་ཆས་ཉེན་རྟོག་པ་ཡོང་སྟེ་མེ་བསད་ནས་བཙན་ཁྲིད་བྱས་ཏེ། འདས་པའི་ཉི་མ་རེ་ཟུང་ལ་ཡུལ་མི་ཚོ་དང་ས་གནས་མི་མང་གིས་ཚེ་དབང་རྡོ་རྗེ་གང་དུ་ཁྲིད་ཡོད་མེད་ཀྱང་ཤེས་རྟོགས་ཐུབ་མེད་མོད། འོན་ཀྱང་དེ་རིང་ཕྱི་ཚེས་༡༠་ཉིན་ཚེ་དབང་རྡོ་རྗེ་འདས་གྲོངས་སུ་གྱུར་པའི་གནས་ཚུལ་ཐོན་པ་དང་། ད་ལྟ་རྒྱ་ནག་གཞུང་གིས་འདམ་གཞུང་ས་ཁུལ་ལ་དམ་དྲག་དང་བཀག་སྡོམ་བྱས་ཏེ་ཁ་པར་སོགས་ཀྱི་རྒྱུད་ལམ་བཅད་ནས་འབྲེལ་བ་བྱ་ཐབས་མེད་པའི་སྐོར། ཚེ་རིང་སྐྱིད་ཀྱིས་གནས་ཚུལ་བཅར་འདྲི་ཞུས་པ་ཞིག་གསན་རོགས་གནང་།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG