དབུས་བོད་མིའི་སྒྲིག་འཛུགས་ཀྱིས་བཞུགས་སྒར་དུ་ཡོད་པའི་བོད་ཀྱི་འགྲེམ་སྟོན་ཁང་དུ་བོད་ནང་གི་རང་ལུས་མེ་སྲེག་སྐོར་གྱི་འགྲེམ་སྟོན་ཞིག་དབུ་འབྱེད་གནང་ཡོད་ཅིང་། ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་འགྲེམ་སྟོན་དེ་རྒྱལ་སྤྱིའི་ཐོག་ཏུ་བོད་ནང་གི་རང་ལུས་མེར་སྲེག་གི་རྒྱུ་མཚན་དང་རྒྱབ་ལྗོངས་ཤེས་རྟོགས་ཡོང་རྒྱུའི་ཆེད་དུ་ཡིན་ཞེས་གསུངས་ཡོད་པའི་སྐོར། འདི་གའི་གསར་འགྱུར་མཁོ་གཏོང་བ་བསྟན་འཛིན་བཟང་མོ་ལགས་ཀྱིས་གནས་ཚུལ་བཏང་བ་ཞིག་གསན་རོགས་གནང་།