ངོ་འཕྲད་བདེ་བའི་དྲ་འབྲེལ།

རང་ལུས་མེར་སྲེག་བཏང་མཁན་མཁའ་དབྱིངས་འདས་གྲོངས་དང་ཁྱིམ་ལ་དམ་དྲག།


ཉིན་བཞི་ཡི་སྔོན་རྔ་པ་རྫོངས་སུ་མི་སྐྱ་གཞོན་སྐྱེས་གཉིས་ཀྱིས་རང་ལུས་མེར་བསྲེག་ བཏང་བའི་རྗེས་མཁའ་དབྱིངས་ཟེར་བ་ཞིག་འདས་གྲོངས་ཕྱིན་པའི་གནས་ཚུལ་ཐོན་ཡོད། ཕྱི་ཟླ་༣པའི་ནང་གྲྭ་ཕུན་ཚོགས་ཀྱིས་རང་ལུས་མེར་བསྲེག་བཏང་བའི་རྗེས་ཁོང་གི་ཕུང་པོ་ཞུགས་འབུལ་བྱས་པའི་སྐབས་མི་མང་སྟོང་ཕྲག་གི་མྱ་ངན་གུས་འདུད་ཞུས་པའི་རྒྱབ་སྐྱོར་གྱི་ནུས་པ་དེ་རིགས་ཡང་བསྐྱར་མི་ཡོང་རྒྱུའི་བྱ་ཐབས་ཡིན་སྲིད་པས་མཁའ་དབྱིངས་ཀྱི་ཕུང་པོ་ནང་མིར་མ་སྤྲད་པ་མ་ཟད་ནང་མི་ཡོད་ས་རྔ་བའི་གྲོང་ཚོ་ཡས་མས་ལ་དམག་མི་དང་ཉེན་རྟོག་པས་དམ་དྲག་བྱས་པ་དང་ཁོང་གི་ནང་མིར་འགྲིགས་ཆས་མ་གྱོན་པའི་མི་བཅུ་གྲངས་ཀྱིས་ཉིན་གང་ལྟ་སྲུང་བྱེད་བཞིན་པའི་སྐོར་བསོད་ནམས་གཡང་འཛོམས་ཀྱིས་འབྲེལ་ཡོད་མི་སྣར་གནས་འདྲི་བྱས་པ་ཞིག་གསན་གྱི་རེད།

XS
SM
MD
LG