ངོ་འཕྲད་བདེ་བའི་དྲ་འབྲེལ།

ཚེ་དཔག་སྐྱབས་ཀྱིས་རང་སྲེག་ངོ་རྒོལ།


ཕྱི་ཟླ་༡༠་ཚེས་༢༦་གི་ས་གནས་ཀྱི་དགོང་མོའི་ཆུ་ཚོད་༨་ནས་༩་ཡས་མས་སུ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ། བསང་ཆུ་རྫོང་གི་བསང་ཁོག་ཤང་རྙིང་པའི་རླངས་འཁོར་འབབ་ཚུགས་སུ་ར་ལོ་༢༣་ལ་སོན་པའི་གསེར་ཁྲི་སྡེ་བའི་མགོ་བྷ་ཚང་གི་བུ་མོའི་མག་པ་ཚེ་དཔག་སྐྱབས་ཀྱིས་རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་བྱས་པའི་གནས་ཚུལ་ཐོན་ཡོད་པ་དང་། ད་སྔ་ཚེ་དཔག་སྐྱབས་འཆི་གསོན་ཅི་ཡིན་ངེས་གཏན་གསལ་བོ་ཞིག་བྱ་མི་ཐུབ་ཀྱང་ལུས་པོའི་མེ་ལྕེ་ཆེ་དྲགས་ཏེ་འདས་གྲོངས་སུ་གྱུར་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་ཅིང་། རང་སྲེག་ངོ་རྒོལ་བ་ཚེ་དཔག་སྐྱབས་ལ་ཆུང་མ་རང་ལོ་༡༨་ཅན་གྱི་རྡོ་རྗེ་སྒྲོལ་མ་དང་ཨ་མ་ཀླུ་མོ་བྱམས་སོགས་ཤུལ་དུ་ལུས་ཡོད་པ་མ་ཟད། ཚེ་དཔག་སྐྱབས་དང་རྡོ་རྗེ་སྒྲོལ་མ་གཉིས་གཉེན་སྒྲིག་བྱས་ནས་ལོ་གཅིག་ཡས་མས་ཤིག་ལས་སོང་མེད་པ་དང་། ད་ལྟ་རྒྱ་ནག་གཞུང་གིས་བསང་ཁོག་ཤང་ལ་དམ་དྲག་ཆེ་དྲགས་ཏེ་གནས་ཚུལ་གསལ་བོ་ཞིག་ལེན་ཐུབ་ཀྱི་མེད་པ་རེད།
XS
SM
MD
LG