ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

དབྱིན་ཇི་དང་སི་ཁོ་ཊི་ལན་ཌིའི་རང་བཙན་མང་མོས་འོས་འདེམས།


ཕྱི་ཟླ་༩་ཚེས་༡༨་ཉིན་ལོ་ངོ་༣༠༧་ལ་དབྱིན་ཇིའི་མངའ་ཁོངས་སུ་མཉམ་གནས་བྱས་པའི་སི་ཁོ་ཊི་ལན་ཌི་ཡུལ་ལུང་དེ་ཉིད་རང་བཙན་བྱ་དགོས་མིན་མང་མོས་འོས་འདེམས་བྱས་ཏེ། སི་ཁོ་ཊི་ལན་ཌི་མི་དམངས་ལ་དམངས་གཙོའི་ལམ་ནས་རང་གི་མངའ་ཁུལ་དེའི་མདུན་ལམ་ཐག་གཅོད་བྱེད་དུ་འཇུག་གི་ཡོད་ཅིང་། དེར་བརྟེན་སྲིད་བློན་ཌི་ཧྦི་ཌི་ཁེམ་རུན་དང་སྲིད་དོན་ཚོགས་པ་ཁག་གི་འགོ་ཁྲིད་ཚོས་སི་ཁོ་ཊི་ལན་ཌི་སྔར་བཞིན་དབྱིན་ཇིའི་མངའ་ཁོངས་སུ་མཉམ་གནས་བྱེད་ཚེ། དབྱིན་ཇིའི་གཞུང་གིས་སི་ཁོ་ཊི་ལན་ཌི་མི་དམངས་ལ་སྨན་བཅོས་དང་འཕྲོད་བསྟེན་ལྟ་སྐྱོང་གི་ཐོབ་ཐང་ཡག་ཏུ་གཏང་རྒྱུ་དང་། ཁོ་ཚོར་དཔྱ་ཁྲལ་བསྡུ་ཕྱོགས་སོགས་སྔར་ལས་ལྷག་པའི་རང་སྐྱོང་གི་དབང་ཚད་ཆེ་རུ་གཏང་རྒྱུ་ཡིན་ཞེས་ཁས་ལེན་བྱེད་ཀྱི་ཡོད་ཀྱང་། སི་ཁོ་ཊི་ལན་ཌིའི་མི་དམངས་གྲས་སུ་ས་གནས་དེ་རང་བཙན་བྱ་དགོས་པའི་ལྟ་བ་འཛིན་མཁན་དང་། ས་གནས་དེ་སྔར་བཞིན་དབྱིན་ཇིའི་མངའ་ཁོངས་སུ་མཉམ་གནས་བྱ་དགོས་པའི་ལངས་ཕྱོགས་འཛིན་མཁན་གཉིས་འདྲ་མཉམ་ཆགས་ཏེ། སྲིད་དོན་ཉམས་ཞིབ་པ་ཚོས་སི་ཁོ་ཊི་ལན་ཌིའི་མང་མོས་འོས་འདེམས་ལ་གྲུབ་འབྲས་གང་འདྲ་ཞིག་འཐོན་རྒྱུ་ཡིན་མིན་ཚོད་དཔག་མ་ཐུབ་པར་འགག་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG