ངོ་འཕྲད་བདེ་བའི་དྲ་འབྲེལ།

སའོ་ཏིད་རྒྱལ་ཁབ་ནང་གི་བུད་མེད་ཅིག་ཡིན་ན། རྒྱལ་ཁབ་འདིའི་སྲིད་གཞུང་གིས་བུད་མེད་ལ་རླངས་འཁོར་གྱི་ཁ་ལོ་པ་བྱེད་ཆོག་པའི་ཐོབ་ཐང་ལག་ཁྱེར་སྤྲོད་ཀྱི་མེད། བུད་མེད་ཚོར་རླངས་འཁོར་གྱི་ཁ་ལོ་པ་བྱེད་ཆོག་པའི་ཐོབ་ཐང་ལག་ཁྱེར་མི་སྤྲོད་པའི་ལུགས་སྲོལ་འདིར། ཡུལ་འདིའི་ནང་གི་བུད་མེད་ཚོས་སྲང་ལམ་དུ་རླངས་འཁོར་བཏང་སྟེ་བུད་མེད་ཀྱིས་རླངས་འཁོར་གྱི་ཁ་ལོ་པ་བྱེད་ཐུབ་པའི་བདེན་དཔང་ར་སྤྲོད་བྱས་ཏེ། ལུགས་སྲོལ་དེར་ངོས་ལེན་མེད་པའི་ལས་འགུལ་སྤེལ་བཞིན་པའི་སྐོར་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པས་བཏང་ཡོང་བའི་གནས་ཚུལ་ཞིག་ཚེ་རིང་སྐྱིད་ཀྱིས་ཕབ་བསྒྱུར་དང་སྙན་སྒྲོན་ཞུ་གནང་གི་རེད།
XS
SM
MD
LG