ངོ་འཕྲད་བདེ་བའི་དྲ་འབྲེལ།

༧གོང་ས་མཆོག་གི་ཐོངས་དོན་དུ་ལྷོ་ཨ་ཧྤི་རི་ཀའི་གཞུང་ཁྲིམས་ལ་གཏུགས།


༧གོང་ས་མཆོག་གི་ཐོངས་དོན་དུ་ལྷོ་ཨ་ཧྤི་རི་ཀའི་གཞུང་ཁྲིམས་ལ་གཏུགས།

ཐོག་མར་འཆར་གཞི་ལྟར་ན་ཟླ་བ་འདིའི་མགོ་སྟོད་དེར་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལྷོ་ཨ་ཧྥི་རི་ཀར་ཆིབས་སྒྱུར་གནང་རྒྱུ་དང་། ༧གོང་ས་མཆོག་ལྷོ་ཨ་ཧྥི་རི་ཀའི་ཆོས་དཔོན་ཆེན་མོ་ཌེ་སི་མན་ཐུ་ཐུ་དགུང་ལོ་༨༠་ཐམ་པར་ཕེབས་པའི་འཁྲུངས་སྐར་དུས་ཆེན་གྱི་མཛད་སྒོར་མཉམ་ཞུགས་བྱ་འཆར་ཡོད་ཀྱང་། ལྷོ་ཨ་ཧྥི་རི་ཀའི་གཞུང་ཚབ་ཁང་གིས་༧གོང་མཆོག་ལ་ཐོངས་མཆན་མ་འབུལ་རྒྱུ་ནར་འགྱངས་བཏང་བ་དང་། ༧གོང་ས་མཆོག་ལྷོ་ཧྥི་རི་ཀར་ཆིབས་སྒྱུར་གནང་རྒྱུ་ཕྱིར་འཐེན་གནང་སྟེ། ད་ལྟ་ལྷོ་ཨ་ཧྥི་རི་ཀའི་ཨིན་ཁ་ཏ་རང་དབང་ཚོགས་པ་དང་མི་མང་ཀོང་རེ་སི་ཚོགས་པ་གཉིས་ཀྱིས་སྲིད་གཞུང་ལ་ཁ་མཆུ་བཙུགས་ཡོད་པ་དང་། ཁོང་ཚོས་ལྷོ་ཨ་ཧྥི་རི་ཀའི་གཞུང་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་ཐོངས་མཆན་མ་འབུལ་བ་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་མི་མཐུན་ཞིང་། ང་ཚོས་ངེས་པར་དུ་ལེགས་བཅོས་བྱེད་དགོས་པའི་གནད་དོན་ཞིག་ལྷག་ཡོད་པ་སྟེ། དྲང་བདེན་མིན་པ་སྲིད་ཇུས་དེ་རིགས་གཏན་ནས་འབྱུང་དུ་འཇུག་མི་ཉན་པ་དང་། དྲང་སྙོམས་མིན་པའི་སྲིད་ཇུས་དེ་ཚོ་ཁྲིམས་ཐོག་ནས་སྒྱུར་བཅོས་གཏོང་དགོས། ལྷོ་ཨ་ཧྥི་རི་ཀའི་གཞུང་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་ཐོངས་མཆན་འབུལ་རྒྱུ་ཡིན་མིན་གྱི་ཐག་གཅོད་གསལ་བོ་ཞིག་བྱས་ཐུབ་མེད་པ་དེ་ནི། ཁོང་ཚོ་རང་གི་ཐག་གཅོད་དེ་ཉིད་ཡང་དག་པ་ཞིག་ཡིན་མིན་ལ་ཐེ་ཚོམ་ཡོད་པ་དང་ལས་འགན་འཐུས་ཤོར་བཏང་བའི་རྟགས་མཚན་ཡིན་ཞེས་ཁྲིམས་གཏུག་ཡིག་ཆར་འཁོད་ཡོད་པ་དང་། ཕྱི་ཟླ་༡༡་ཚེས་༢༢་ཉིན་ལྷོ་ཨ་ཧྥི་རི་ཀའི་མཐོ་རིམ་ཁྲིམས་ཁང་གིས་གྱོད་གཞི་དེར་ཉན་ཞིབ་བྱ་འཆར་ཡོད་པ་རེད།

XS
SM
MD
LG