ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ར་ཤི་ཡས་སླར་ཡང་ཡུཀ་རེན་གྱི་ས་མཚམས་སུ་དམག་སྦྱོང་།


ཉེ་ཆར་ར་ཤི་ཡའི་དམག་གིས་ཡུཀ་རེན་གྱི་ཁེ་རི་མཱི་ཡ་རང་སྐྱོང་ས་གནས་ལ་བཙན་འཛུལ་བྱས་པ་དང་། གཟའ་ཉི་མ་འདིར་ར་ཤི་ཡས་ཁེ་རི་མཱི་ཡའི་མི་དམངས་ལ་མང་མོས་འོས་འདེམས་བྱས་ཏེ། ཁོ་ཚོ་རང་བཞིན་ཡུཀ་རེན་གྱི་མངའ་འོག་ཏུ་སྡོད་པའམ། ཡང་ན་ས་གནས་དེ་ར་ཤི་ཡའི་ཁོངས་སུ་ཟླ་བསྒྲིལ་བྱ་རྒྱུ་ཡིན་མིན་མི་དམངས་ལ་ཐག་གཅོད་བྱེད་དུ་འཇུག་རྒྱུ་ཡིན་ཞིང་། ཁ་སང་གཟའ་ཕུར་བུ་ནས་ར་ཤི་ཡའི་དམག་གིས་བསྐྱར་དུ་ཡུཀ་རེན་གྱི་ས་མཚམས་སུ་དམག་སྦྱོང་གསར་པ་བྱེད་ཀྱི་ཡོད་པས། ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ར་ཤི་ཡའི་དམག་གིས་ཁེ་རི་མཱི་ཡ་བརྒལ་ནས་ཡུཀ་རེན་གྱི་ཤར་ཕྱོགས་ས་གནས་ཁག་ལ་བཙན་འཛུལ་བྱེད་སྲིད་པའི་བློ་འཚབ་བྱེད་ཀྱི་ཡོད་ཅིང་། དེར་བརྟེན་དེ་རིང་གཟའ་པ་སངས་ཉིན་འཇར་མན་ཎིའི་སྲིད་བློན་ཨན་གྷི་ལ་མར་ཁེལ་གྱིས་ར་ཤི་ཡའི་སྲིད་ཇུས་འཛིན་སྟངས་དེ་ངེས་པར་དུ་ཁ་ཕྱོགས་བསྒྱུར་དགོས། ཁོ་ཚོས་སླར་ཡང་འགྲོ་བ་མིའི་ལོ་རྒྱུས་སུ་ཆག་སྒོ་ཆེན་པོ་ཞིག་སློང་སྲིད་པའི་ཉེན་ཀ་ཡོད་ཅེས་བརྡ་བཏང་འདུག
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG