ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ར་ཤི་ཡའི་ས་ཁུལ་མང་པོ་ཞིག་གི་ནང་མུ་མཐུད་རི་ལ་མེ་ཤོར་བཞིན་ཡོད་པ།


ར་ཤི་ཡའི་ནང་གནམ་གཤིས་ཧ་ཅང་ཚ་པོ་སྟོན་བཞིན་ཡོད་པའི་སྐབས་ ཡུལ་གྱི་རྒྱ་ཁྱབ་ས་ཁུལ་ནང་རི་ལ་མེ་ཤོར་བཞིན་ཡོད་པ་དང་ ཡུལ་གྱི་ཛ་དྲག་བློན་ཆེན་ལས་ཁུངས་ཀྱི་དཔོན་རིགས་རྣམས་ཀྱིས་གསུངས་བར་གཞིགས་ན་ མེ་ཤོར་བའི་རྐྱེན་གྱིས་མི་གྲངས་ ༥༢ ལ་སྲོག་སྐྱོན་བྱུང་བ་དང་ སྡོད་ཁང་སྟོང་ཕྲག་མང་པོ་འཐོར་ཞིག་སོང་བ་བཤིག་བཏང་བ་ དེ་བཞིན་ས་ཁུལ་མང་པོ་ཞིག་གི་ནང་སྟོན་ཐོག་རྩ་མེད་དུ་གྱུར་ཡོད་པ་རེད་ གཞི་རིམ་མི་མང་གིས་རང་གི་རྒྱུ་དངོས་སྲུང་སྐྱོབ་བྱ་རྒྱའི་ཐབས་ཤེས་བྱེད་པའི་སྐབས་ མེ་སྐྱོན་ཁ་ཤས་སྟངས་འཛན་བྱེད་ཐུབ་ཀྱི་མེད་པ་ཡུལ་གྱི་སྲིད་གཞུང་གིས་ངོས་ལེན་བྱས་ཡོད་པ་སོགས་ཀྱི་སྐོར།

XS
SM
MD
LG