ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་མི་རི་ཀའི་གྲོང་ཁྱེར་མེ་ཊི་སན་ནང་ལོ་ལྟར་ཟླ་བ་བཞི་པའི་ནང་ཀེརེ་སི་ལེཀ་ཞེས་པའི་ རྒྱང་རྒྱུགས་འགྲན་བསྡུར་ཞིག་བྱེད་ཀྱི་ཡོད་པ་དང་འགྲན་བསྡུར་དེར་ལོ་ལྟར་མི་གྲངས་སྟོང་ཚོ་མང་པོས་མཉམ་ཞུགས་བྱེད་ཀྱི་ཡོད་སྟབས་ས་གནས་སུ་གནས་སྡོད་བོད་མི་ཚོས་ཀྱང་རྒྱང་རྒྱུགས་འགྲན་བསྡུར་དེར་མཉམ་ཞུགས་བྱས་ཏེ་བོད་ནང་གི་གནས་ སྟངས་ངོ་སྤྲོད་དང་དྲིལ་བསྒྲགས་གང་ཐུབ་བྱེད་ཀྱི་ཡོད་པ་རེད། འདིའི་སྐོར་དང་ དེ་བཞིན་ལོ་ལྟར་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ནང་རྒྱལ་སྤྱིའི་རིག་གཞུང་ཁྲོམ་སྐོར་གྱི་ དུས་སྟོན་སྐབས་བོད་མི་ཚོས་མཉམ་ཞུགས་ཀྱིས་བོད་ཀྱི་རིག་གཞུང་ངོ་སྤྲོད་བྱེད་་ཐབས་བྱེད་ཀྱི་ཡོད་པའི་སྐོར་རིག་འཛིན་གྱིས་ཕྱོགས་བསྒྲིགས་བྱས་པ་ཞིག་གསན་གྱི་རེད།
XS
SM
MD
LG