ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༡༦

རྒྱ་ནག་བཀག་སྐྱིལ་བྱེད་པར་དྲག་ཤུགས་བསྐུལ་དགོས་པ་ནན་བརྗོད།


(FILE PHOTO) Secretary of State Hillary Rodham Clinton and Australian Prime Minister Kevin Rudd meet with reporters in the Benjamin Franklin Room of the State Department in Washington, Tuesday, March 24, 2009. (AP Photo/Haraz N. Ghanbari)
(FILE PHOTO) Secretary of State Hillary Rodham Clinton and Australian Prime Minister Kevin Rudd meet with reporters in the Benjamin Franklin Room of the State Department in Washington, Tuesday, March 24, 2009. (AP Photo/Haraz N. Ghanbari)

ཉེ་ཆར་ཝི་ཁི་ལི་དྲ་རྒྱའི་ནང་དུ་ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་དང་། ཕྱིའི་རྒྱལ་ཁབ་ཁག་ཏུ་བཅའ་སྡོད་ཨ་་རའི་གཞུང་ཚབ་ལས་ཁང་ཁག་གིས་བཏང་བའི་གསང་བའི་ཡིག་ཆ་མང་པོ་ཞིག་ཕྱིར་བསྒྲགས་བྱེད་ཀྱི་ཡོད་པ་སྟེ། ཕྱི་ལོ་༢༠༠༩་ཡི་ཟླ་བ་༣་ནང་ཨོ་སེ་ཊི་རེ་ལི་ཡའི་སྲིད་བློན་ཁེ་བུན་རུ་ཌེས་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ཧི་ལ་རི་ཁེ་ལིན་ཀྲོན་ལ་ཐུག་འཕྲད་བྱས་པ་དང་། ཁོང་ཚོས་རྒྱ་ནག་དང་བོད་དོན། ཐེ་ཝན་དང་ཨེ་ཤེ་ཡའི་བདེ་འཇགས་སྲུང་སྐྱོབ་སོགས་གནད་དོན་མང་པོ་ཞིག་གི་ཐད་བཀའ་མོལ་གནང་ཡོད་པ་མ་ཟད། སྲིད་བློན་ཁེ་བུན་རུ་ཌེས་ང་ཚོས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་སྒྲིག་འཛུགས་གསར་པ་ཞིག་རྩ་འཛུགས་བྱེད་ཀྱི་ཡོད་པ་དེ་རྒྱ་ནག་བཀག་སྐྱིལ་བྱེད་པའི་ཆེད་དུ་ཡིན། གལ་ཏེ་དགོས་མཁོ་བྱུང་ན་རྒྱ་ནག་བཀག་སྐྱིལ་བྱེད་པར་ཨ་མི་རི་ཀས་དམག་གི་དྲག་ཤུགས་བསྐུལ་དགོས་ཐུག་ཀྱང་གྲ་སྒྲིག་བྱེད་དགོས་ཞེས་སྐུལ་ལྕག་བཏང་ཡོད་པ་དང་། རྒྱ་ནག་གི་འགོ་ཁྲིད་ཚོ་བོད་དོན་དང་ཐེ་ཝན་གྱི་གནད་དོན་ཐོག་ཏུ་རྣམ་རྟོག་ཚ་དྲགས་པ་དང་། ངས་རྒྱ་ནག་གི་འགོ་ཁྲིད་ཚོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་བོད་མི་དམངས་ལ་རང་སྲིད་རང་སྐྱོང་གི་ཐོབ་ཐང་ཞིག་རྩོད་ཀྱི་ཡོད་པ་དེར་མོས་མཐུན་བྱེད་དགོས་པའི་འབོད་སྐུལ་ཞུས་རུང་། རྒྱ་ནག་གཞུང་གིས་དེ་ལ་ཉན་འཇོག་བྱེད་རྒྱུའི་རེ་བ་དེ་ཙམ་མེད་པར་སྙམ་ཞེས་ཨ་རིའི་ཕྱི་སྲིད་དྲུང་ཆེར་བཀའ་མོལ་གནང་བའི་ཡིག་ཆ་ཕྱིར་བསྒྲགས་བྱས་ཡོད་པ་རེད།།

XS
SM
MD
LG