ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

འོས་བསྡུ་དང་གསར་འགོད་པའི་ལས་འགན།


བོད་ཀྱི་གསར་འགོད་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་བཀྲ་ཤིས་དབང་ཕྱུག་གིས་བོད་པ་བཙན་བྱོལ་བ་ཚོས་ཐད་ཀར་འོས་འདེམས་བྱ་འཆར་ཡོད་པའི་སྐབས་གསུམ་པའི་བཀའ་བློན་ཁྲི་པ་དང་། སྐབས་བཅོ་ལྔ་བའི་བོད་མི་དམངས་སྤྱི་འཐུས་འོས་འདེམས་ལ་བོད་པའི་གསར་འགྱུར་བརྒྱུད་ལམ་ཁག་གིས་དོ་ཁུར་ཆེན་པོ་བླངས་སོང་ཞེས་བསྔགས་བརྗོད་བྱས་པ་མ་ཟད། ད་དུང་འོས་མིའི་ལོ་རྒྱུས་དང་གསར་འགྱུར་སྤེལ་སྟངས་སོགས་ཕྱོགས་གང་ཐད་དུ་འཛེམ་ཟོན་དང་ཕྱོགས་ལྷུང་མེད་པར་ཐད་ཀར་མི་མང་ལ་གནས་ཚུལ་གསལ་བོ་ཞིག་ངོ་སྤྲོད་བྱེད་པའི་ཞབས་འདེགས་རླབས་ཆེན་ཞིག་བསྒྲུབ་ཐུབ་ཅེས་བཤད་ཡོད་པའི་སྐོར། འདི་ག་བོད་སྐད་སྡེ་ཚན་གྱི་ལས་བྱེད་པ་པདྨ་བདེ་ཆེན་གྱིས་བོད་ཀྱི་གསར་འགོད་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་བཀྲ་ཤིས་དབང་ཕྱུག་ལ་བཅར་འདྲི་ཞུས་པའི་གནས་ཚུལ་དེ་གསན་རོགས་གནང་།

XS
SM
MD
LG