ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱ་གཞུང་གིས་རང་ལུས་མེར་བསྲེགས་གཏོང་མཁན་ཁྱིམ་ཚང་ལ་གནོན་ཤུགས་སྤྲོད་ཀྱི་ཡོད་པ།


ལོ་ངོ་གཅིག་གི་གོང་དུ། རྒྱ་གཞུང་གི་བོད་ལ་འཛིན་པའི་སྲིད་བྱུས་ལ་ ངོ་རྒོལ་བྱ་རྒྱུའི་ཆེད་རང་ལུས་མེར་བསྲེགས་གཏོང་མཁན་ཞིག་གི་ཉེ་འབྲེལ་ དགེ་འདུན་པ་ཞིག་གིས། རང་གི་སྤུན་མཆེད་ཀྱིས་རང་ལུས་མེར་བསྲེགས་ བཏང་བ་དེ་ནི། ཕྱིའི་རྒྱལ་ཁབ་ཏུ་ཡོད་པའི་ཁ་བྲལ་རིང་ལུགས་ཀྱི་སྒྲིག་འཛུགས་ ཁག་གི་བརྒྱུད་བསྐུལ་ལ་བརྟེན་ནས་བྱས་པ་ཞིག་ཡིན་ལུགས་ཁག་དཀྲི་བྱེད་ དགོས་ཞེས་རྒྱ་ནག་གཞུང་འབྲེལ་མི་སྣ་ཚོས། རང་ལུས་མེར་བསྲེགས་གཏོང་ མཁན་དེའི་ཁྱིམ་ཚང་ལ་གནོན་ཤུགས་སྤྲོད་ཀྱི་ཡོད་ལུགས་བརྗོད་ཀྱི་ཡོད་པའི་ སྐོར་རྒྱལ་སྤྱིའི་གསར་གནས་ཁག་ཏུ་ཐོན་པའི་གནས་ཚུལ་རྣམས་བྱང་ཆུབ་སྒྲོལ་མས་ཕྱོགས་བསྒྲིགས་ཀྱིས་སྙན་སྒྲོན་ཞུས་པ་ཞིག་གསན་གྱི་རེད།
XS
SM
MD
LG