ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

སྐྱེ་རྒུ་མདོའི་འཛུགས་བསྐྲུན་སྐྱར་གསོའི་ལས་དོན་འགོར་གཞི་ཆེ་བ་དང་དེའི་དཀའ་ངལ།


བརྙན་འཕྲིན་གཟིགས་ན། (Real Player)

བརྙན་འཕྲིན་གཟིགས་ན། (Windows Media)

ད་རིང་ཀུན་གླེང་ལས་རིམ་གྱིས་ནིའུ་ཡོག་གྲོང་ཁྱེར་ནས་བཙན་བྱོལ་བོད་གཞུང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲིས་ལགས་དང༌། བཞུགས་སྒར་དྷ་རམ་ས་ལ་ནས་ཁམས་སྐྱེ་རྒུ་མདོའི་གནས་སྟངས་ལ་དོན་གཉེར་བ་དགེ་འདུན་ཚེ་འཕེལ་ལགས་གཉིས་གདན་འདྲེན་ཞུས་ནས་ཁ་སྔོན་ཕྱི་ཟླ་བཞི་པའི་ནང་བོད་ཀྱི་ས་ཁུལ་ཁམསས་བྱས་ཡོད་ནའང༌། འཛུགས་བསྐྲུན་ལས་གཞི་དེ་ཤིན་ཏུ་འགོར་གཞི་ཆེ་བ་མ་ཟད། ཁྲལ་སེལ་སྡོད་གནས་གུར་གྲ་སྒྲིག་བྱས་པ་སོགས་ལ་བརྟེན་ནས་རིང་མིན་དགུན་དུས་ཤར་ཉེ་བས་ས་གནས་མང་ཚོགས་ལ་ཛ་དྲག་གི་དཀའ་སྡུག་གནས་སྟངས་ཅི་ཆཻར་གདོང་ལེན་བྱེད་དགོས་འགྱུར་ཉེན་ཡོད་པ་སོགས་ཀྱི་སྐོར་བགྲོ་གླེང་ཞུ་རྒྱུ་ཡིན།

ཀུན་གླེང་ནི་འཁོར་སྐར་བརྒྱུད་ནས་བལྟ་ཐུབ་པ་དང་རླུང་འཕྲིན་ཐོག་ཏུ་ཉན་ཐུབ་པ་མ་ཟད། ད་དུང་དྲ་རྒྱ་བརྒྱུད་ནས་ཀྱང་དུས་ཐོག་ཏུ་བལྟ་ཉན་བྱེད་ཐུབ་པ་དང༌། བདུན་ཕྲག་རེའི་གཟའ་ལྷག་པ་དང་གཟའ་པ་སངས་ནམ་ཡིན་ལ་འཛམ་གླིང་གཅིག་གྱུར་གྱི་ཆུ་ཚོད་༡༤་ནས་༡༥་བར་རམ། ཡང་ན་ལྷ་སའི་དགོང་མོའི་ཆུ་ཚོད་༡༠་ནས་༡༡་བར་དུ་ཀུན་གླེང་ལ་བལྟ་ཉན་ཐུབ་ཅིང༌། བོད་དང་རྒྱ་ནག་ནས་ཁ་པར་ཨང་གྲངས་༡༠༨༨༨༨་མནན་ཚེ། ཨེ་ཊི་ཨེན་ཊི་ཞེས་པའི་སྒྲ་ཞིག་ཐོས། དེའི་རྗེས་སུ་ཁ་པར་ཨང་གྲངས་༨༦༦ ༨༣༧ ༥༡༥༩ མནན་ན་སྐུ་ཉིད་ཀྱིས་རིན་པ་སྤྲོད་མི་དགོས་པའི་ཁ་པར་དེ་ང་ཚོར་འཕྲོད། ཨ་རི་དང་རྒྱལ་ཁབ་གཞན་ནས་༡ ༢༠༢ ༦༡༩ ༣༧༧༤ མནན་ནས་ཁ་པར་འབྲེལ་མཐུད་པར་རིན་པ་ཨ་རིའི་རླུང་འཕྲིན་ཁང་ལ་སྤྲོད་དུ་འཇུག་དགོས་ཞེས་མངགས་བཀོད་བྱེད་ན་ཁ་པར་གྱི་རིན་པ་ང་ཚོས་སྤྲོད་ངེས་ཡིན། ཡང་ན་སྔོན་ནས་སྐུ་ཉིད་ཀྱི་མིང་དང་ཁ་པར་ཨང་གྲངས་ང་ཚོར་བསྐུར་ཚེ། ང་ཚོས་ཀུན་གླེང་གི་བགྲོ་གླེང་སྐབས་སུ་སྐུ་ཉིད་ལ་འབྲེལ་བ་བྱེད་ཆོག་པ་དང༌། གལ་ཏེ་སྐུ་ཉིད་ཀུན་གླེང་ལ་དངོས་སུ་མཉམ་ཞུགས་མི་ཐུབ་ཀྱང་ང་ཚོར་tibetantiv@voanews.com བརྒྱུད་ནས་ཨི་མེལ་གཏོང་བའམ། ཡང་ན་ཧཕེཀ་སི་ཨང་གྲངས་༡ ༢༠༢ ༣༨༢ ༥༥༩༦ བརྒྱུད་ནས་དྲི་བ་བསྐུར་གནང་ཡོད་པ་ཞུ།།པདྨ་ཚལ་ལུགས་ཀྱི་བོད་ཡིག་གི་འབྲི་སྲོལ་གསར་པ།

XS
SM
MD
LG