ངོ་འཕྲད་བདེ་བའི་དྲ་འབྲེལ།

ས་ཡོམ་བྱུང་ཚེ་ཧི་མ་ལ་ཡའི་འཁྱགས་རོམ་ཞུར་བའི་མཚོ་མང་པོ་ཡོད་པ་དེ་དག་ལུད་ཉེན་ཡོད་པ།


རྒྱ་གར་གྱི་ཚན་རིག་པ་ཚོས་ཉེ་དུས་ཞིབ་འཇུག་བྱས་པར་གཞིགས་ན་ འདས་པའི་ལོ་བཅུ་ཕྲག་གཅིག་ལྷག་ཙམ་ཞིག་གི་རིང་ ཧི་མ་ལ་ཡེའི་སྲིད་པའི་འཁྱགས་རོམ་རྣམས་རིམ་པས་ཞུར་འགོ་ཚུགས་ནས་ འཁྱགས་རོམ་གྱི་རྒྱ་ཁྱོན་ཆུང་དུ་འགྲོ་བཞིན་པ་རེད་ལ་ ཡང་ཚན་རིག་གི་གནས་ཚུལ་གཞན་ཞིག་གི་ནང་ དེ་ལྟར་འཁྱགས་རོམ་ཞུར་བར་བརྟེན་ནས་རི་གཤམ་དུ་མཚོ་མང་པོ་ཞིག་ཆགས་ཡོད་པས་ གལ་ཏེ་ཁུལ་དེར་ས་ཡོམ་བྱུང་ཚེ་ མཚོ་དེ་དག་ལུད་ནས་གྲོང་ཚོ་མང་པོར་གནོད་སྐྱོན་ཡོང་སྲིད་ཀྱི་རེད་ཅེས་ཉེན་བརྡ་བཏང་ཡོད་པའི་སྐོར་ གསར་འགྱུར་བརྒྱུད་ལམ་ཁག་གི་ཐོག་ཐོན་པའི་གནས་ཚུལ་རྣམས་ དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG