ངོ་འཕྲད་བདེ་བའི་དྲ་འབྲེལ།

སྲིད་འཛིན་ཕུ་ཀྲིན་གྱིས་ཁེ་རི་མི་ཡའི་རང་བཙན་ལ་ངོས་ལེན།


ཁ་སྔོན་གཟའ་ཉི་མའི་ཉིན་ཡུཀ་རེན་གྱི་ཁེ་རི་མི་ཡ་རང་སྐྱོང་ས་གནས་ལ་མང་མོས་འོས་འདེམས་བྱས་ཏེ། ས་གནས་དེ་ར་ཤི་ཡའི་ཁོངས་སུ་ཟླ་བསྒྲིལ་བྱེད་རྒྱུ་ཡིན་ཞེས་མི་མང་གིས་འོས་ཤོག་འཕངས་ཡོད་ཅིང་། ཁ་སང་གཟའ་ཟླ་བའི་ཉིན་ར་ཤི་ཡའི་རྒྱལ་ཡོངས་གྲོས་ཚོགས་ཀྱིས་ཁེ་རི་མི་ཡ་གླིང་ཟུར་དེ་རང་བཙན་རྒྱལ་ཁབ་ཅིག་བྱེད་པའམ། ཡང་ན་ཁོ་ཚོ་ར་ཤི་ཡའི་ཁོངས་སུ་ཕྱིར་ལོག་བྱས་ཀྱང་དགའ་བསུ་ཡོད་ཅེས་གྲོས་ཆོད་བཞག་སྟེ། དེ་རིང་གཟའ་མིག་དམར་ཉིན་ར་ཤི་ཡའི་སྲིད་འཛིན་ཕུ་ཀྲིན་གྱིས་ཁེ་རི་མི་ཡ་རང་བཙན་དང་བདག་དབང་ལྡན་པའི་རྒྱལ་ཁབ་ཅིག་ཡིན་པར་ངོས་འཛིན་ཡོད་ཅེས་གསར་འགོད་གསལ་བསྒྲགས་སྤེལ་ཡོད་པ་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG