ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

གསུམ་བཅུའི་དུས་དྲན་གྱི་ཉིན་དགེ་འདུན་པ་གསུམ་གྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་པ།


དེ་རིང་ཕྱི་ལོ་༢༠༡༣ཕྱི་ཟླ་༣ཚེས་༡༠ཉིན་ཏེ་གསུམ་བཅུའི་དུས་དྲན་གྱི་ཉིན་བོད་ནང་གི་སྔ་དྲོའི་ཆུ་ཚོད༡༡ཡས་མས་ཙམ་ལ་ཟི་ཁྲོན་ཞིང་ཆེན་གྱི་སེར་ཤུལ་རྫོང་གི་དགའ་ལྡན་བསམ་གཏན་དར་རྒྱས་གླིང་གི་གྲྭ་བློ་བཟང་བསམ་གཏན་དང་། གྲྭ་བསོད་ནམས་རྣམ་རྒྱལ། གྲྭ་ཐུབ་བསྟན་དགེ་ལེགས་ཞུ་བ་གསུམ་གྱིས་རང་དབང་དང་། དམངས་གཙོ། དབུ་མའི་མའི་ལམ་དགོས་ལུགས་སྐད་འབོད་བྱས་ཤིང་འཕྲེད་དར་ཐོགས་ཏེ། ༧གོང་ས་མཆོག་གི་སྐུ་དཔར་གདན་ཞུས་ཀྱིས་རྔམ་སྟོན་ཁྲོམ་སྐོར་བྱེད་པའི་སྐབས་རྒྱ་མི་ཉེན་རྟོག་པ་ཚོས་ཁོང་གསུམ་འཛིན་བཟུང་བྱས་ཡོད་པ་སོཌ་ཀྱི་སྐོར་ལ་ཕུན་ཚོགས་ཚེ་རིང་ཀྱིས་ཕྱོགས་བསྒྲིགས་གནང་བའི་གནས་ཚུལ་དེ་གསན་རོགས་གནང་།
XS
SM
MD
LG