ངོ་འཕྲད་བདེ་བའི་དྲ་འབྲེལ།

ཡོངས་ཁྱབ་ཏུ་ངོས་འཛིན་ཐོབ་པའི་རྒྱ་ནག་གི་སྤྱི་ཚོགས་ལས་འགུལ་བ་ཞུའུ་ཀྲི་ཡོན་ལ་དེ་རིང་པེ་ཅིན་གྱི་ཁྲིམས་ཁང་ཞིག་ཏུ་ཁྲིམས་བཤེར་བྱེད་སྐབས། ཁོང་དང་ཁོང་གི་ཁྲིམས་རྩོད་པ་གཉིས་ཀྱིས་ཁྲིམས་ཁང་གི་དྲང་བདེན་མ་ཡིན་པའི་ཉེས་འཛུགས་ལ་ངག་བསྡམས་ཏེ་ངོ་རྒོལ་བྱས་ཡོད་པ་རེད་ལ། ཁྲིམས་ཁང་གི་ཕྱི་ལོགས་སུ་ཞུའུ་ཀྲི་ཡོན་ལ་རྒྱབ་སྐྱོར་བྱེད་མཁན་་མི་མང་ཉེན་རྟོག་པས་བཀག་འགོག་བྱས་ཏེ་རྒྱབ་སྐྱོར་བ་འཛིན་བཟུང་དང་། དེ་བཞིན་གསར་འགོད་པ་ཚོ་ཁྲིམས་ཁང་གི་ཉེ་སར་བཅར་དུ་མ་བཅུག་པ། ཁྲིམས་རྭར་ཕྱི་རྒྱལ་གྱི་ཕྱི་འབྲེལ་མི་སྣ་ཉན་ཞིབ་བྱ་རྒྱུ་བཀག་འགོག་བྱས་ཡོད་འདུག ཞུའུ་ཀྲི་ཡོན་ནི་རྒྱ་ནག་ནང་རྒྱལ་འབངས་གསར་བའི་ལས་འགུལ་ཚོགས་པ་གསར་འཛུགས་བྱེད་མཁན་ཡིན་པ་བཅས་ཀྱི་སྐོར་ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་རྒྱུ་ཡིན།
XS
SM
MD
LG