ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་དང་ཨ་རིའི་གྲོས་མོལ་ཚོགས་འདུ་ཐེངས་ལྔ་བ།


༄༅།། ཕྱི་ཟླ་༧་ཚེས་༨་ནས་ཚེས་༡༡་བར་དུ་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ལ་རྒྱ་ནག་དང་ཨ་མི་རི་ཀའི་ལོ་རེའི་འཐབ་ཇུས་དང་དཔལ་འབྱོར་མཉམ་འབྲེལ་གྱི་གྲོས་མོལ་ཚོགས་འདུ་ཐེངས་ལྔ་བ་ཚོགས་ཡོད་ཅིང་། ད་ལོའི་ཚོགས་འདུའི་སྐབས་སུ་རྒྱ་ནག་དང་ཨ་མི་རི་ཀས་ཚོང་ལས་དང་དཔལ་འབྱོར་མཉམ་འབྲེལ། དྲ་ལམ་གྱི་བདེ་འཇགས་སྲུང་སྐྱོབ་དང་འགྲོ་བ་མིའི་ཐོབ་ཐང་། འཛམ་གླིང་གི་སའི་གོ་ལའི་ཚ་དྲོད་རྒྱས་ཀྱི་ཡོད་པ་འགོག་ཐབས་བཅས་གནད་དོན་སྣ་མང་ཞིག་ལ་གྲོས་མོལ་བྱས་པ་དང་། རྒྱ་ནག་དང་ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་ཚོས་ཕྱི་ལོ་༢༠༡༣་ཀྱི་ཚོགས་འདུ་འདིར་གྲུབ་འབྲས་དང་འགོག་རྐྱེན་གཉིས་ཀ་ཕྲད་ཡོད། བདུན་ཕྲག་འདིར་ཚོགས་པའི་ཕྱོགས་གཉིས་ཀྱི་འཐབ་ཇུས་དང་དཔལ་འབྱོར་མཉམ་འབྲེལ་གྱི་གྲོས་མོལ་ཚོགས་འདུ་དེར་སྤྱི་ཡོངས་ཀྱི་ཆ་ནས་གྲུབ་འབྲས་ཐོན་ཡོད་ཅེས་བཤད་ཀྱང་། ཨ་མི་རི་ཀའི་ཚགས་པར་ཆེ་ཁག་དང་གསར་འགྱུར་ལས་ཁང་ཕལ་ཆེ་བ། ད་དུང་ཉམས་ཞིབ་པ་ཚོས་ཝ་ཤིང་ཊོན་དང་པེ་ཅིང་གི་བློན་ཆེན་རིམ་པའི་ལོ་རེའི་ཚོགས་འདུ་འདིར་གྲུབ་འབྲས་དེ་ཙམ་ཐོན་མེད་པ་དང་། ད་ལོའི་གྲོས་མོལ་ཚོགས་འདུ་འདི་ཡང་ཚོགས་འདུ་ཐེངས་སྔོན་མ་བཞི་དང་འདྲ་བར་ཕྱིའི་རྣམ་པ་ཙམ་ལས། དོན་སྙིང་ལྡན་པའི་གྲུབ་འབྲས་ཆེན་པོ་ཞིག་སྟོན་རྒྱུ་མི་འདུག་ཅེས་གནས་ཚུལ་སྤེལ་ཏེ། ཨ་མི་རི་ཀའི་ཚགས་པར་ཁག་ཅིག་གིས་ཕྱོགས་གཉིས་ཀྱི་འཐབ་ཇུས་དང་དཔལ་འབྱོར་མཉམ་འབྲེལ་གྲོས་མོལ་ཚོགས་འདུ་དེར་དོ་སྣང་དེ་ཙམ་བྱས་མེད་པ་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG