ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་སྲིད་འཛིན་ཨོ་བྷ་མ་ཨེ་ཤེ་ཡའི་རྒྱལ་ཁབ་༤་ལ་འཚམས་འདྲི།


ཨ་རིའི་སྲིད་འཛིན་ཨོ་བྷ་མ་འཛམ་གླིང་གི་དམངས་གཙོའི་རྒྱལ་ཁབ་ཆེ་ཤོས་རྒྱ་གར་དང་། ཁོང་གི་བྱིས་པའི་དུས་སུ་སྐབས་ཤིག་འཚོ་བ་རོལ་ས་ཨིན་རྡུ་ཎེ་ཞི་ཡ། ད་དུང་ཨ་མི་རི་ཀའི་མཐུན་གྲོགས་རྒྱལ་ཁབ་ལྷོ་ཀོ་རི་ཡ་དང་ཉི་ཧོང་བཅས་ཨེ་ཤེ་ཡའི་རྒྱལ་ཁབ་༤་ལ་ཉི་མ་༡༠་ཐམ་པའི་འཚམས་འདྲིར་ཕེབས་ཡོད་པ་དང་། སྲིད་འཛིན་ཨོ་བྷ་མ་ཉི་མ་༣་ལ་རྒྱ་གར་དུ་བཞུགས་འཆར་ཡོད་པ་དེའི་སྐབས་སུ་ཝ་ཤིང་ཊོན་དང་ལྡི་ལི་གསར་པའི་འབྲེལ་བ་ཡར་རྒྱས་བཏང་སྟེ། རྒྱ་གར་དང་ཨ་མི་རི་ཀ་གཉིས་དཔལ་འབྱོར་དང་ཚོང་ལས། འཕྲུལ་རིག་ལག་རྩལ་དང་དམག་དོན། འཇིགས་སྐུལ་རིང་ལུགས་ལ་འཐབ་རྒོལ་སོགས་ཕྱོགས་གང་ཐད་དུ་མཉམ་འབྲེལ་བྱེད་དགོས་པའི་གྲོས་མོལ་བྱེད་རྒྱུ་དང་། ཕོ་བྲང་དཀར་པོའི་ལས་སྣེ་ཚོས་ཀྱང་སྲིད་འཛིན་ཨོ་བྷ་མའི་ཨེ་ཤེ་ཡའི་འཚམས་འདྲི་དེ་རྒྱ་གར་ནས་འགོ་འཛུགས་ཀྱི་ཡོད་པ་མ་ཟད། སྲིད་འཛིན་ཨོ་བྷ་མ་རྒྱ་གར་ལ་ཉི་མ་གསུམ་ལ་བཞུགས་ཀྱི་ཡོད་པ་དེར་མཚོན་དོན་ཟབ་མོ་ཞིག་ཡོད་ཅེས་བཤད་ཡོད་པ་རེད།།

XS
SM
MD
LG