ངོ་འཕྲད་བདེ་བའི་དྲ་འབྲེལ།

དེ་རིང་ཕྱི་ཟླ་༢་ཚེས་༡༧་ཉིན་རྒྱ་གར་དང་བལ་ཡུལ་སོགས་ཀྱི་ས་གནས་ཁག་༤༠་ལྷག་ལ་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་མདོ་སྨད་སྤྱི་འཐུས་ཀྱི་བར་མའི་འོས་བསྡུའི་སྔོན་འགྲོའི་འོས་འདེམས་དེ་ཉིན་གཅིག་དུས་གཅིག་ཏུ་བྱས་པ་ལྟར་བཞུགས་སྒར་རྡ་རམ་ས་ལར་ཡང་འོས་ཤོག་འཕེན་ཡུལ་མང་དག་ཅིག་བཙུགས་ཏེ་འོས་ཤོག་འཕངས་ཡོད་པ་སོགས་ཀྱི་སྐོར། འདི་གའི་གསར་འགྱུར་མཁོ་གཏོང་བ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཞུགས་སྒར་རྡ་རམ་ས་ལ་ནས་གནས་ཚུལ་བཏང་བ་ཞིག་གསན་རོགས་གནང་།
XS
SM
MD
LG